Saturday, June 24, 2017

༈   །ཕན་བདེའི་འབྱུང་བའི་གནས་གཅིག་པུ།  །བྱང་ཆུབ་སེམས་མཆོག་རིན་པོ་ཆེའི།   །ཤིན་ཏུ་དར་བའི་དགའ་སྟོན་ཆེས།   །འོད་སྒྲོན་རང་གཞན་ཁྱབ་འགྱུར་ཅིག    རིན་ཆེན་ཡིད་ཀྱི་ལྷ་མོའི་སྨོན་པ་ནི།   གང་དུ་སྐྱེ་བ་བདག་སོགས་ཡིད་ཅན་ཀུན།   །སྒྲོལ་མའི་སྐུ་དང་མཁའ་སྤྱོད་ཚད་ལྡན་ཞིང་།   །མ་གྱུར་འགྲོ་རྣམས་ཕུན་ཚོགས་ཀུན་དགའི་གླིང་།   །གསེར་འཕྱང་རྒྱན་པའི་ཚོམས་རར་སངས་རྒྱས་ཤོག   པདྨ་རིག་རྩལ་རིན་པོ་ཆེའི་མཛད་ཕྲིན་རྒྱས་པའི་སྨོན་པ་ནི།   ཕན་བདེའི་ཆོས་མཆོག་ཨ་ཏི་ནོར་བུའི་གླིང་།   །རིག་འཛིན་ཕྱག་གི་ཙན་ཌན་རྟགས་ངོམས་པས།   །འཛམ་གླིང་ཁྱོན་གང་རིག་རྩལ་པདྨ་ཆེའི།   །མཐའ་དག་ཐེག་པའི་མཛོད་ཆེན་སྲུངས་འགྱུར་ཅིག

Wednesday, June 14, 2017

༸ སྦ་ཁ་སྤྲུལ་སྐུ་པདྨ་རིན་པོ་ཆེ་ལ་ཕུལ་བའི་ཡི་གེ ༎

༸ སྦ་ཁ་སྤྲུལ་སྐུ་རིན་པོ་ཆེ་ལ་ཞུ་བའི་ཡི་གེ  ༎

༄།    ན་མོ།  །མཚུངས་མེད་རིན་ཆེན་སྐུ་བརྙེད་རྣམ་གྲོལ་མཁར།
།ཡ་མཚན་དོན་ཀུན་འཐེགས་པའི་དཔལ་འབྱོར་བས།
།འགྲོ་འདིའི་རྨོངས་དང་རློམས་པའི་སྙིགས་མ་འདག
།པདྨ་འཇམ་དཔའི་དབྱངས་ལ་ཕྱག་གུས་འཚལ།
།བདག་ནི་སྲིད་འདིར་འཁྲུལ་པའི་འཁོར་ལོ་རྣམས།
།རང་གཞན་སྐྱེད་མཆེད་ཁྲོད་དུ་སྲིན་བུ་བཞིན།
།རང་འདོད་ཧམ་པའི་བག་་གིས་་་སམ་བྷ་གས་ཞེས་མཆན་་་་ཤ་རུལ་ལྟར།
།བག་མེད་སེམས་མེད་ལྟར་སྣང་ཟས་ངན་ཆགས།
།སྡེབ་འབྱོར་དག་བརྡའི་ལག་འཕྲོད་འདི་ལ་ཉུང་།
།འོན་ཀྱང་རིག་འཛིན་ཁྱེད་ལ་རྗེས་དད་རིགས།
།གསེར་རི་འགྲམ་དུ་ཡུན་འདོད་ཕལ་རྡོ་བཞིན།
།གསེར་མདངས་རང་ལ་ཆགས་པའི་ཉམས་དགའ་བར།
།སྨྱུགས་སེམས་ཟུང་འཇུག་དྭངས་རླུང་སོར་འདིས་འཕོས།
།གཟིགས་དང་འབྱམས་པའི་ཐུགས་ཀློང་གཅིག་ཏུ་ན།
།ཕྲན་གྱི་རྟོགས་བརྗོད་འཕྲུལ་བཤད་ལད་མོ་འདིའི།
།འཛིན་ཞེན་ཆགས་པའི་སྙིར་འཛིན་མཁའ་འགྲོ་མའི།
།ཐར་པའི་མཁའ་མཐོང་སྐད་དོད་བཟོད་བསྩལ་ཞུ།
།མཐོང་ཞེས་ཡུལ་ལ་བརྟེན་ནས་འཇུག
།ཡུལ་ཞེས་བརྟེན་ནས་བཏགས་པར་རིག།
།སྐྱེ་མཆེད་གཙོར་བྱེད་རྣམ་ཤེས་གསུམ།
།བསྡུས་པའི་ཡིད་གཙོའི་ངོ་བོ་ནི།
།རང་རིག་མེད་ན་མི་འབྱུང་ཕྱིར།
།དེ་ཀུན་རིག་པའི་རང་ས་ལ།
།འཛིན་པའི་ཐད་དུ་འཛིན་མེད་ཀྱིས།
།སྐྱོང་སྟབས་ཇི་ཙམ་རྩལ་བཏོན་དང་།
།རང་ཉིད་དེ་ཙམ་རང་ཡིད་ཆེས།
།དེ་ནས་བརྩམས་སྟེ་ལུས་ངག་ཡིད་གསུམ་གྱི།
།གསུམ་གྱི་གནད་དང་དལ་བུར་གྲོགས་པའི་དབུགས།
།ལ་སོགས་རྐྱེན་བྱས་རབ་རིབ་སྙམས་རྟོག་ཤུན།
།འབྲས་རུལ་དང་བཅས་ལྟ་བུ་འདིར་ཕུང་བའི།
།ཚིགས་ཕྲེང་ཤར་མར་ཕབ་པའི་རྟགས་འགོད་ལ།
།གང་ལྟར་སླ་བའི་དགའ་སྤྲོ་སེམས་བསྐྱེད་ཀྱང་།
།སྲིད་འདིར་སྡོད་དང་འདོད་ཚད་རྩར་རུལ་ན།
།སེམས་ཏེ་སྙིང་རྗེའི་རྩ་འདིར་མི་ཐུབ་ཀྱི།
།འགྲོ་ལ་ཐར་དགོས་དཔའ་སེམས་སྐྱོ་ཤེས་དང་།
།ཤུགས་བྱུང་སྨོན་པའི་མ་འོངས་བསྐལ་བར་དུ་།
།གཞན་གྱི་དོན་དུ་སྡོད་ཐུབ་འབྱམས་སྙིང་རྗེའི།
།སེམས་ཆུང་བག་མའི་སྒྲོགས་དང་ང་གཏུག་མྱོང་།
།དེའི་དབང་འོག་ལུས་པོའི་ཁྱིམ་སྲུངས་དང་།
།གཟུངས་སྔགས་ཀུན་སློང་ལས་ཀྱི་སྤྱོད་པའི་སྲས།
།སྐབས་སུ་བབས་སྐྱེས་རིག་རྩལ་མི་དང་ཀླུ།
།ཉེ་འགྲམ་གདུངས་པའི་ལྕམ་དང་འཕྲུལ་བསྙན་གི
།རྩོལ་མེད་བདེ་སྐྱེད་ལྟད་མོར་བཞེས་མ་གཏོགས།
།སུན་ཁྱེར་སྐད་འཆོར་འདྲེ་མོ་ལ་སོགས་པའི།
།སྡིག་དང་མ་ངེས་གྲོགས་ཚོ་བརྗེད་ན་དགའ།
།ཆོས་བྱེད་སྨྲ་ཡང་ཆོས་མེད་ལས་ངན་དང་།
།ཆོས་ལོག་བཞེད་ཀྱང་རང་བཞིན་བཟང་བ་བཞིན།
།ལུང་འདིར་ཉ་མའི་དབང་ཆར་ཁྲིམས་ཚུགས་ཀྱིས།
།རྒྱུ་ཆུང་གྱི་ན་བདག་འདྲའི་བུ་བྲལ་ཀྱང་།
།སོ་སོའི་ལས་ཀྱི་དབང་དང་སེམས་ཆུང་གཤིས།
།འབྱུང་ཡང་ད་དུང་བདག་གི་སྐྱོན་མ་མཆིས།
།ང་དང་གྲོགས་པའི་ཆོས་གཟུགས་མང་གླེང་དེས།
།རང་ལས་གཞན་པའི་དཔང་པོར་ཅི་སྨྲོས་སྩོལ།
།སྲིད་འདིར་སྐྱེས་ཚད་མ་ངེས་སྤང་སླང་གི།
།གནས་སུ་མི་གནས་ཆོས་རྣམས་བཞག་ན་བདེ་།
།སྙིགས་མའི་སེམས་ཅན་བདག་འདྲའི་ཚུལ་བརྟགས་ན།
།གཅིག་པུར་སྡོད་འདོད་སྐྱོ་ཤེས་གྲོགས་དང་འཕྲད་།
།དེ་ལྟར་འདོད་བཞིན་ཆུ་བཞིའི་ཕར་ཕྱོགས་པའི།
།སྲིད་ཐར་གྲུ་གཟིངས་ཅུང་ཟད་ཉམས་ཐག་ལ།
།བེད་སྤྱོད་ལེགས་པའི་སེམས་དང་རྒྱུ་རྫས་ཀྱང་།
།ཇི་ཙམ་རག་དང་དེ་ཙམ་དོན་གཉེར་ཆུང་།
།དཀོན་མཆོག་བཀྲ་ཤིས་བྲིས་པའི་རྒྱན་རིས་འདིས།
།ཁྱེད་ཐུགས་དགྱེས་སྨོན་དང་བཅས་ཞབས་བརྟན་ཞུ།
།གུ་རུའི
་བསྙེན་པ་ཚིག་བདུན་གསོལ་འདེབས་ཀྱི་ཐུགས་དམ་ནི།  རིན་པོ་ཆེ་ཁྱེད་ཀྱིས་ང་ལ་གསུངས་པ་ནི།  འབུམ་ཕྲག་ཁ་ཤས་བསགས་ནས་རྫོགས་པ་ཆེན་པོ་གྱི་སྙམས་མྱོང་འདྲ་བོ་ངེས་པར་་དུ་འོང་བའི་ངེས་ཤེས་ཐོག་ལ་།   ད་དུང་ཡང་བསྙེན་སྒྲུབ་དེ་དང་མི་འབྲལ་ས་མ་ཡ་སྲུང་བའི་དམ་ཚིག་དང་བཅས་སྨྲོས་པའོ།

ཞེས་ང་མངོན་ནས་དྲངས་ནས་ངག་གི་དབང་པོའི་ཟླ་འོད་གྱི་ཟེགས་མ་ལྟ་བུ་ཡིན་ན།  བླ་མ་དམ་པ་སློབ་དཔོན་གཤེས་གཉེན་་མ་ཚང་བ་མེད་པའི་ཀུན་སྤྱོད་རྣམ་དག་མངའ་བའི་སྐྱབས་རྗེའི་སྤྱན་གྱི་གཟིགས་ལམ་དུ་གསར་སྒྱུར་འཕྲིན་གྱི་ཡི་གེའི་སྤྲེང་བ་ཅིས་མི་འབུལ་སྙམས་ནས།   དད་མོས་དང་་རིང་ནས་གདུངས་པའི་སྙིང་རྩེས་རྩེད་མོར་རྩེད་བཞིན་དུ་སྤེལ་བ་དང་ཕུལ་བས་ཐུགས་དགྱེས་པར་ཞུ།

Friday, June 9, 2017

༈ སྦྱིན་དགའ་ལ་འདྲི་ལེན་དུ་ཞུ་བའི་ངག་བཞུགས་སོ།

 ༄།    །བརྗོད་མེད་རྗོད་ལ་དགའ་རབ་བྱེད་། །གཉིས་འཛིན་རུ་དྲ་འགེགས་སུས་ཤེས། །དར་སྲིན་རང་གིས་ཆེས་འཐག་དེའི། །ཚང་བཞིན་རང་མཚང་ཐག་འདིས་གཅོད་། །ཕར་ཕྱིན་ལམ་ཀུན་ཤེས་རབ་བརྟེན། །ཤེས་རབ་རྒྱུ་འབྲས་རྟགས་རྟེན་ལ། །སྒྲ་རྟོག་འདྲེར་རུང་ཤེས་རྣམ་ཟུང་།  །རྣམ་པར་ཤེས་ལ་རྟེན་འབྱུང་ཕྱིར།  །ཤེས་བྱ་ཤེས་བྱེད་རྣམ་རིག་དུ་། །འབྲེལ་ཏེ་བརྟེན་ནས་བཏགས་པ་དེའི། །བརྟེན་འབྱུང་རང་གིས་ཆོས་སྟོང་ངམ། །རྣམ་ཀུན་ལྡན་པའི་སྟོང་པ་ཉིད་། །གསར་རྙིང་མཁས་ཕལ་གདོད་བཞེད་གང། །དེ་ཡི་རྣམ་པར་རིག་སམ་ཤེས། ། །སོ་སོ་རང་རིག་སྦྱོད་ཡུལ་བ། །ཡུམ་ལ་ཐུག་ན་རྣམ་དཔྱོད་ཅི་་་འི་ཕྱིར་དུ་དོན་མེད་ཐུག་མེད་དུ་མ་འགྱུར་ཞེ་ན།  དེ་ལྟར་ཐལ་བར་འགྱར་ཏེ་དེའི་ཕྱིར་དེ་ངེས་པར་རྟོགས་པའི་གང་ཟག་ནི་། །རྟོག་པའི་འདྲ་བ་རྣམ་སེལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ་། །དོན་གྱི་ཀུན་ཏུ་བཟང་པོའི་ངང་། །དོན་དམ་ཚད་མས་ངེས་ཤེས་སམ། །རྣམ་ཀུན་ལྡན་ཉིད་མངོན་སུམ་་རང་་་རིག་་་པའི་ཡེ་ཤེས་མཐར་ཐུག་ན་ཐུག་མེད་དུ་ཅིའི་ཕྱིར་མི་འགྱར་བར་ཐལ་ཞེ་ན་་་། །རྟེན་འབྱུང་སྣང་སྲིད་ཆོས་དང་ལམ།  །ཀུན་ཀྱང་རྟེན་ནས་བཏགས་པའི་རྣམ་པར་ཤེས་པའི་གཞི་དེའི་སྣང་སྟོང་ཟུང་འཇུག་གི་ཉག་ཅིག་ངོ་བོར་མངོན་སུམ་རིག་པའི་ཐོག་ཏུ་ཇི་ལྟ་བ་དང་ཇི་སྙེད་པ་རྣམ་པར་་མཁྱེན་པའི་ཡེ་ཤེས་སྤྱོད་ཡུལ་དུ་དཔེར་ན་འཕགས་པའི་བདེན་བཞི་ནི། །རྐྱེན་སྣ་རྟེན་ནས་ལུགས་འབྱུང་སྟེ། །རྐྱེན་ཟད་ལུགས་ལྡོག་ལམ་དང་འབྲས། །ཐེག་གསུམ་མྱ་ངན་འདས་པ་ནི། །ཆོས་ཀུན་གཞིའམ་སྟོང་པ་ཉིད་། །སོ་སོ་་་འི་རྣམ་པར་རྟོག་པའམ་་སོ་སོ་་ར་རང་་་གིས་རྣམ་པར་ཤེས་པར་བྱེད་དམ་་་་རིག་་་པར་བྱེད་པ་གང་ཡིན་པ་དེས་ནི་་་ཤེས་རབ་་་ཡུམ་ རྟོགས་སྟེ།   ཀུན་ཏུ་བཟང་མོའི་དབྱིངས་རུམ་དུ་མི་བསྐྱོད་རྡོ་རྗེ་སོགས་ལྔ་རིགས་སུ་མ་སྐྱེས་ཚུལ་གྱིས་ཚུལ་བཞིན་སྲས་སུ་སྐྱེད་པ་དང་་སྐུ་གསུམ་མངོན་སུམ་དུ་སྣང་བར་བྱེད་པ་ལ་ཁྱེད་ལ་མེད་ཐབས་མེད་པའི་མཚན་ཉིད་ཐེག་པའི་ལམ་དུ་བསོད་ནམས་དང་ཡེ་ཤེས་ལྷན་ཅིག་དུ། །ཚོགས་པའི་བརྟེན་་་དགོས་པ་དང་དོན་གཅིག་ཡིན་ལ།  དེ་་་ལ་་་ཡེ་་་གདོད་་མ་ནས་རང་བཞིན་རྣམ་པར་དག་པའི་ཡེ་སངས་རྒྱས་རིགས་སུ་་་གནས་པའི། །ཡེ་ཤེས་་རང་གི་ལམ་དུ་རང་གི་་་་ཕ་རོལ་་ཏུ་ ཞེས་ཟེར་ན་ཡང་དོན་དམ་རྣམ་གྲངས་མ་ཡིན་པའི་དྲང་ངེས་ཚུལ་ཡང་དག་བཞི་བཞིན་དུ་རྣམ་པར་དཔྱོད་པའི་ཕ་རོལ་ཏུ་སླེབ་ན་འདི་ལྟར་ཡེ་སངས་རྒྱས་པའི་ཚུལ་དུ་ཡང་འཚང་རྒྱ་བར་་ཕྱིན་་པའམ་ཐག་ཅིག་ལྟ་བའི་གཏན་ལ་ཕབ་པའི་ངོ་རང་འཕྲོད་པ་ལ་སོགས་པའི་གནད་གསུམ་ལྡན་པ་ལྟ་བུའི་ཡེ་ཤེས་རང་ལམ་དུ་ངེས་པའི་ཐབས་ཁྱད་པར་ཅན་དང་་་གཉིས་ནི། །གཞི་གཅིག་་ལ་ཐེག་པའི་གྲངས་སུ་བསྡུས་པའི་་ཐབས་ཀྱི་་་ཁྱད་པར་གང་གི་ས་་་ཟིན་་པའམ་ངོ་རང་སོ་སོ་མ་རིག་དང་རིག་པའི་་་་ལྡོག་ཏུ་་་ཚོགས་སྦྱོར་ལམ་གཞི། བསྐྱེད་རྫོགས་རིམ་བཞིའམ། རྣལ་འབྱོར་བཞི་དངསྣང་བ་བཞི་ལ་སོགས་པའི་སྙམས་རྟོགས་ལམ་གོང་དུ་འཕེལ་ཞིང་་་་མཆེད་། །དོན་ལ་རྡུལ་ཕྲ་ཕྱོགས་བྲལ་དང་། །སྔ་ཕྱི་གཅིག་དུ་འབྲེལ་ཐག་མེད། །དེ་ལ་བལྟར་མེད་ཤེས་རབ་ངོར། །དབྱིངས་དང་ཡེ་ཤེས་དབྱེར་མ་མཆིས། །དེ་ཕྱིར་མ་བསམ་བརྗོད་མེད་དོན། །ཕར་ཕྱིན་ཡུམ་དང་རྫོགས་རིམ་སོགས། །རང་ལ་མངོན་སུམ་གཏན་མེད་ཀྱང་། །བཏིང་ནས་ཡིད་ཆེས་དད་ཤུགས་ཀྱིས། །་བློ་ལ་རང་བཞིན་གྱིས་གང་་བབ་་པའི་སྒྲ་ཚིག་རྣམས་ཕྲིན་་ཅོལ་གྱི་ཚུལ་དུ་སྨྲ་བའི་སྤོབས་པ་ནི་རྩ་རྒྱུད་ཀྱི་ལྷ་མཆོག་ལ་དད་སྨོན་གྱི་ཤུགས་དང་ངག་བྱིན་རླབས་ཀྱི་ནུས་ཅུང་སྣངབ་་ས་འབྲིས།།དོན་ཆེན་ཟབ་ལྟར་དགའ་བའི་ངང་། །ཚུལ་བཞིའི་ཡིད་ཆེས་སུས་རྟོན་པ། །ཆོས་ཉིད་མཐུས་དང་གཤེས་བཉེན་གྱིས། །རྗེས་བཟུང་འབྲེལ་བ་བདག་འདྲ་བའི། །བདུད་ཀྱི་རླམས་རྟགས་རང་མཚང་རྟོལ། །དེ་ལྟར་འཛེམས་པའི་སྨོན་ལམ་བཅས། །སྦྱིན་པའི་བསྐུལ་ངོར་བྲིས་པའི་དགེ །འགའ་ཡོད་བསྔོ་དང་མེད་པའི་ཉེས་སྐྱོན་གང་ཡོད་་་ན་་་དེ་ཚད་སྤྱན་ལྡན་མཁའ་འགྲོ་སྲུང་མའི་ཚོགས་མདུན་དུ་གཏོལ་ཞིང་གཤགས་པར་བྱེད་ནས་་་ནི། །བཟོད་གསོལ་སྙིང་ན་་རང་བགྲོས་འདེབས་པའི་མཆན་དང་བཅས་པའི་ཚུལ་དུ་སྨོན་པ་དང་ཕྱི་ལོ་༢༠༡༧་ས་དགའ་བཟླ་བའི་ཚེས་བཅོ་ལྔའི་སྔ་ཕྱིའི་ཞག་སྐོར་དུ་ཞིབ་ཏུ་་་་ཞུས་་ནས་མཆན་ཚིག་འགའི་སྤྲོས་པ་ཡང་ནས་ཡང་དུ་ནན་་་་ཏེ་ཕུལ། ཞེས་ཡོན་བདག་སྦྱིན་པ་ཚུལ་འཁྲིམས་ཀྱི་གཟིམས་ཁང་དུ་སྐད་འགྱུར་གྱི་ལས་དོན་ལས་གཡེང་བའི་མཐུན་སྟོང་དུ་ཕྱི་ལོ་༢༠༠༩་གྱི་ཟླ་བ་༩་པའི་ཚེས་པ་ལའོ།།




Wednesday, June 7, 2017

༈ Woodstock ལ་བཀྲ་ཤིས་བདེ་ལེགས་ཞུ།

༈     །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་།
      །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།
      །འགྲོ་རྣམས་བླ་མེད་ཐེག་པའི་སྒོར་བཞུགས་ནས།
      །འཇམ་དཔལ་སྒྲོལ་མའི་ས་ལ་ལྷུན་གྲུབ་ཤོག

               ཞེས་ཀརྨ་སྨོན་ལམ་རྒྱ་མཚོས་སྙིང་ནས་སྨོན་པས་ཕུལ།

Saturday, June 3, 2017

༒ ཅོལ་སྨྲ་ངོ་ཚ་མ་བཞུགས།༎

༈     །ངོ་མཚར་བ་ལས་རང་ངོ་ཚའི།   །དྲོད་ཀྱི་ཁ་རླང་ཙམ་པོ་བ།   །རང་གདངས་ལོས་བཞག་ཡིག་རིས་རྣམས།    །སྙིགས་མ་རང་བདོའི་གཞི་རུ་བབ།    །ཕར་ལ་བལྟས་ཀྱང་ཚུར་བལྟ་བའི།   །རིག་ངོ་སྒྲོན་གྱི་རྟེན་གཟུངས་སྐྱེས།   །ཆོས་ཉིད་འཇུག་སྒོ་ཤིན་ཏུ་ཡངས།   །ཞེས་གསུངས་གང་དེའི་གོ་མཐུན་བཞེས།   །འཆོལ་བའི་སྨྲ་བ་པོ་ཡིན་ལོ།


Trikaya you go girl

Mind's empty nature, forever immaculate, profound and free of elaboration, is Dharmakaya's gate.

Uncreated, uncompounded, seamless, with nothing to add or remove, luminous clarity in emptiness is Sambhogakaya's natural presence.

Arising from luminous clarity, compassionate emanation, utterly free of bias, naturally present for self and other, is the vast sign of Nirmanakaya.

Beyond seer and seen, in essence they are indivisible. That is Svabhavikakaya.