Monday, June 11, 2018

Rigdzin Namkha'i Neljor

།རིག་འཛིན་ནམ་མཁའི་རྣལ་འབྱོར་ལ།
།རིག་པའི་གཤིས་བཟང་ཡས་ནས་འབབ།
།རིག་པའི་བགྲོས་སུ་སྤང་བླང་མེད།
།སངས་རྒྱས་སེམས་ཅན་དམིགས་མེད་ཀྱང།
།ཕྱེད་ཐོག་གྲོལ་སར་གཅིག་ཏུ་གྲུབ།
།མ་རྟོགས་ཐོག
་བཅས་སྣང་བ་ཡང།
།བཅོས་མེད་སྙིང་བརྩེའི་མདངས་ཀྱིས་ཁྱབ།
།ལེ་ལོའི་བག་མེད་སྐྱོན་དུ་ཡང་།
།ཞེན་མེད་རང་དོན་ངང་གིས་འཆར།
།འདུ་རྫིའི་གཡེང་བའི་བློ་རྟོག་རྣམས།
།གཞན་དོན་སྤེལ་བའི་རྐྱེན་དུ་ཕོད་།
།མ་ངེས་ལུས་ངག་བྱ་བ་ཀུན།
།ཤེས་རབ་སྒྲོན་མེའི་བུད་ཤིང་འདུས།
།རྒ་ཤིའི་སྔོན་ལྟས་སྡུག་སྣང་ཡང།
།རྨ་བྱའི་སྤུ་མིག་ལྟད་མོ་བསུ།
།དོན་མེད་ངག་འདི་འདྲ་སྨྲ་ཀུན།
།དྲང་ངེས་དོན་དང་མི་འགལ་ལམ།
།ཞེས་རྟོག་པ་བཞིན་དགའ་མཛུམ་བྱེད་།
།དོགས་མེད་སེམས་པའི་བག་མར་འཁྱུད།
།ཐབས་ཤེས་ཟུང་འབྲེལ་མི་ཤེས་ཀྱང།
།རང་འབྱུང་ཤེས་རབ་གཞན་མ་བྱུང།
།རྩ་གསུམ་མཁའ་འགྲོ་གཅིག་བསྡུས་དངོས།
།བྱིན་རླབས་འདིར་འཕྲོད་ཨེ་མ་ཧོ།
།ཅལ་ཅོལ་ལབ་ལ་མ་འཁོན་ཞིག།
།འདི་ཕྱིའི་ཀུན་ཏུ་སྐྱབས་མཛད་གསོལ།



"On the awareness-holding yogi of space
Good awareness-weather rains from above.
In the stride of awareness there is no avoiding or getting.
Though Buddhas and beings are not imagined,
On the liberated ground of difference, they are one.
Obtuse appearances of misunderstanding
Are pervaded by the glow of unfeigned love and compassion.
Though careless faults of laziness are rife
Without clinging, one's own welfare arises naturally.
Distracted busy thinking mind can become
The conditions arranging for the welfare of others.
All uncertain acts of speech and body
Collect kindling for the signal-fire of Prajna.
The indications of old age and death seem unpleasant,
But they herald the peacock's eye-feather display.
All pointless statements such as these
Don't contradict provisional or definite meaning, do they?"

Thinking thus, one is forced to grin with delight,
And embrace the bride of doubtless intent.
Though not knowing how to combine method and wisdom,
Self-arising prajna does not come from anywhere else.
The unique distillation of Three Roots' Dakinis'
Blessing is introduced here -- EMAHO!
Please don't mind this gossipy talk.
Please be a refuge now and again, I pray!

No comments:

Post a Comment