Sunday, August 5, 2018

E ma!



༈    ཀྱེ་མ།    མཆོག་་གསུམ་རྩ་བརྒྱུད་མཁའ་འགྲོ་སྲུང་མའི་གཙོ་བོས་དགོངས་ཞིག།    །རང་གཤིས་བསྐལ་ངན་སྐྱེ་བའི་མི་རྟག་ཚུལ་བགྱིས་པའི།    །ཨ་འཐས་བདེན་པར་འཛིན་པའི་བྱིས་པ་ཅོལ་ཆུང་འདི།    །དོན་མེད་སྲིད་པའི་མཚོ་ཆེན་བྱིངས་ལ་འཕྱན་ཞིང་འཁྲུལ།   །མི་ལུས་རིན་ཆེན་དོན་དུ་མ་སྤྱད་འགྱོད་སེམས་སྐྱེད།    །སྐྱབས་ཀྱི་དམ་པ་ཁྱེད་ལ་འབོད་དོ་དགོངས་སུ་གསོལ།    །ཐུགས་རྗེ་གཡལ་བ་མ་འདོར་གཟིགས་སམ་རྩ་གསུམ་ལྷ།    །སྲིད་པའི་ཀློང་ནས་ད་ལྟ་བསྒྲལ་ཞིག་མཁའ་འགྲོའི་གཙོ།    །རང་གཞན་ཕ་མར་གྱུར་རྣམས་ཡུལ་འདིར་སྡུག་རེ་མྱོང་།        །ཕྱིར་བལྟས་ན་རིགས་བཟང་རྒྱུ་ནོར་མ་ཆུང་ཡང།    །མངོན་མཐོ་ལེགས་ལྟར་སྣང་ནང་ལོག་ཡིད་རེ་རྨུག    །དཀོར་ཡོ་ལངས་རྗེས་སུ་རྒྱུག་བཞིན་དུས་ཚོད་ཡོལ།    །འདས་པའི་ལོ་གྲངས་དངུལ་ཁང་ཁེ་བཞིན་འཕེལ་ནའང་།    །མ་འོང་ཚེ་ཀྱི་བྱ་བའི་གོ་སྐབས་རིམ་གྱིས་འཛད།    །རང་གི་རང་མགོ་བསྐོར་བའི་མིག་ཡོར་གལ་མེ་འདྲ།    །ཨེ་མ་མི་ལུས་རིན་ཆེན་དོན་གལ་གཡེལ་བ་བཞིན།    །རྒྱ་ཆེན་ཁང་བཟང་འཕྲུལ་འཁོར་ཅ་ལག་སོགས་པའི་ཕུང་།    །རང་གཅེས་ལུས་ཀྱི་སྡོད་ཡུན་ཅི་ལྟར་སུ་ལ་ཕན།    །སྔོན་དགའ་ལྕམ་མཛེས་ཞལ་ཟུར་མིག་སྟས་དྲན་བཞིན།        །ད་བལྟ་མཐའི་འཆི་བདག་སྔོན་བསུ་སྐྱོ་ཅི་བསེལ།    །བག་མེད་ཕྱིས་སུ་ལུས་པའི་གླེན་པ་ངེས་མེད་འདི།    །མྱུར་དུ་གཟིགས་དང་རང་རིག་སྙིང་རྩལ་ཕོ་ཉ་སྤྲོད།    །བྱང་ཆེན་ཚེགས་མེད་ལམ་སྣར་ཁྲིད་དང་ནམ་དུ་ཡང་།    །འགྲོ་འདི་མ་སྤོངས་དོན་དམ་སྐྱབས་ཀྱི་དབུགས་འབྱིན་མཛོད་།   །

ཞེས་འཁོར་འདས་གཉིས་ཀྱི་མཐའ་སྐྱེལ་དོགས་པའི་བློ༷་ཟ༷་ཝའ༷མ།    དཀོན༷་མཆོ༷ག་བ༷ཀྲ་ཤིས༷་མཚན་པ་གང་གི་ཚུགས་མི་ཐུབ་པའི་མོས་པའི་བློ་་ངང་གིས་འབོད་པས་འཇལ་འཕྲད་མྱུར་དུ་ཞུས་པར་སྨོན།    བཀྲ་ཤིས་རང་བཞིན་དུ་གྱུར་ཅིག    །།    མངྒལཾ་སྭ་བྷཱཝཡེཏ   །།

 c. Aug. 1, 2018/Easton Md. Revised 8/5/2018. Virtue!

KYE MA!

Lord of the Triple Gem, root and lineage, dakinis and protectors!
This reckless child who thoughtlessly clings to the reality of
The impermanent phenomena produced as a result of his own personality of bad karma
Wanders deluded, sunk in the great ocean of pointless cyclic existence.
Not making this precious human life meaningful, one feels regret.
Calling on you, sublime refuge, please remember me!
Don't give up your compassion, do you see me, Three Roots deities?
Deliver me from the expanse of samsara now, chief of Dakinis!
In this country, the parents of myself and others are suffering.
Seen from the outside, though of good lineage and not lacking in wealth,
Though seeming to have excellent status in the higher realms,
Inwardly they are depressed.
Pursuing pursuing the display of material wealth, time is wasted.
While the number of years lived increases
Like their interest-bearing accounts,
Opportunities for life's activities in the future gradually run out.
Spinning one's head in self-deception, like a firebrand's circle,
Alas, the greatest purpose of a precious human life fades from view.
The heap of accumulated devices and tools inside a vast home --
How will they help, and whose life will they extend?
Remembering the sidelong glances of the faces
Of noble, beautiful ladies --
How will this dispel the misery now
Of Death's inviting gaze?
This stupid fellow, who carelessly finds himself left behind--
Look on him quickly, and introduce him
To the consort of the natural power of innate awareness!
Lead him to the trailhead of
The path to full awakening that is not difficult, and never
Abandon this being, giving him the relief
Of ultimate refuge.

No comments:

Post a Comment