Thursday, August 10, 2017

༈ བླ་མེད་ཐེག་པའི་ངེས་འབྱུང་།

 །ཨ་ཏི་བླ་མེད་ཐེག་པའི་ངེས་འབྱུང་ནི།    །ཟུང་འཛིན་གཉིས་མེད་སྙིང་རྗེ་སྤྲོས་དང་བྲལ།    །ཡང་དག་གཞན་དབང་བརྟེན་པའི་ཚུལ་རྟོགས་བཞིན།    །རིག་པའི་རང་དབང་གདེངས་སུ་འགྱུར་པ་ན།    །རང་གཞན་དབྱེར་མེད་ཚོམ་བུར་འཚང་རྒྱ་བའི།    །འོད་གསལ་ཐིག་ལེ་གཅིག་བཞུག་དམ་བཅས་སྟེ།    །སྔ་ཕྱི་མེད་པའི་དོན་ཀུན་གྲུབ་པའི་ཞོར།        །གང་འབྱུང་ལྷོད་པའི་དལ་དུ་འཇོག་བདེ་བས།    །འཛིན་པའི་ཞེན་ཆགས་ཚུབ་རྟོག་སྤང་དུ་མེད་།    །དྲན་དང་ཤེས་བཞིན་རང་བཞིན་རྩིས་ཆེས་པས།    །དོན་གཉིས་སྒྲུབ་སླད་བག་ཡོད་ངང་གིས་འབྱུང་།    །སྨོན་དང་བཀྲ་ཤིས་སེམས་པའི་ཀུན་རྟོག་འཕེལ།    །ལམ་སྦྱོང་རྗེས་སུ་བསྒྲུབ་པའི་སེམས་ཤུགས་བསྐྱེད་།    །འདི་ལྟར་འཁོར་བ་ལས་འབྱུང་སྡུག་ཀུན་སྤང་།    །གཞི་ལས་ལྷུན་གྲུབ་ཡོན་ཏན་ངང་གིས་རྒྱས།    །ལེགས་སོ་བསམ་པའི་བློ་དང་ལྡན་པས་བྲིས།    དགེ་འགྱུར་ཅིག        ཤུ་བྷཾ།

No comments:

Post a Comment