Thursday, September 21, 2017

༈ མཁས་མ་སྨད་མ་བཞུགས།

།མཁས་པ་མ་སྨད་ཡིན་ཀྱང་བབ་བཅོལ་ངག    རང་མགོར་བྱ་རྒོད་སྒྲོ་བཏགས་རློམ་པའི་རྟགས།    །བྱ་ལ་བྱི་ལ་འདེད་བཞིན་རང་ཆེ་ཚུགས།    །གཞན་ལ་གནོད་འཚེས་དབང་བསྡུའི་བོགས་བསྐྱེད་ལ།    །ཤེས་རབ་ངན་སྐྱེས་ལྡེར་མས་རང་དོན་འཆིངས།    །ང་རྒྱལ་གཞན་ལ་ཕམ་ཞིང་མཆེ་འཚིག་ཟ།    །སྟག་གཟིག་ལད་མོའི་འཆོང་སྟབས་བཞིན་དུ་རྔོམས།    །སྲུང་བའི་ལྷ་རྣམས་ཁྱི་དང་ཁྱེའུ་བཞིན་སྐྲད་།    །རླམས་པའི་རྒྱལ་གོང་གིས་ཟིན་ཝ་ལྟར་རྒྱུ།    །རང་རློམ་འགྱིངས་པས་གཞན་གོ་མི་ཆོད་པའི།    །འཕྲུལ་ཞེནརང་བཟོ་གཡོ་སྒྱུས་རང་གཞན་འཁྲུལ།    །རང་མགོ་བསྐོར་བའི་གཞན་ལམ་དབང་བྱས་པའི།    །གཞན་མགོ་བསྐོར་བའི་ཉེར་ལེན་རང་དཀོར་བྱེད་།        །བདེན་རྫུན་དགེ་སྡིག་འཕྲད་པའི་བདེ་སྡུག་ཆུ།    །དུག་གསུམ་ཆོས་བསྐོར་གཟོན་གྱིས་ཞིང་སར་རླབས།    །དམ་འབྲུ་སྙོག་མར་བག་གཞིར་ལོ་རེ་ཀྱི།    །བསྒྲུབས་པའི་ལོ་ཏོག་འཕེལ་སྒྲིབ་ལྟས་སུ་ལྷོངས།    །ཐར་པའི་ལམ་འགག་གལ་མདོར་ཕ་བོང་བཞིན།    །ས་བཅད་ཐལ་རྡོ་སྤུང་པས་གཞུང་ལམ་འགགས།    །དེ་ཕྱིར་རྩ་གསུམ་མཁྱེན་བརྩེའི་སྤྱན་མདུན་ལ།    །དྲེག་རློམ་མི་མཁས་སྐྱོན་ཀུན་གཏོལ་ཞིང་གཤགས།    །གུ་རུའི་ཞལ་འབྱུང་བདུད་རྩི་ལྟ་བུའི་ངག    །རང་གཞན་ཉམས་ལེན་བོགས་བསྐྱེད་སྔགས་སུ་འཆང་།    །གོང་མའི་བཀའ་དང་སངས་རྒྱས་མདོ་རྒྱུད་གསུང།    །ལྗོན་ཤིང་ཚལ་དང་མེ་ཏོག་འབྲས་ཚོགས་ལ།    །སྐལ་ལྡན་སྦྲང་བྱེའུའི་ཚུལ་བཞིན་སྤྱོད་སེམས་པའི།    །སྐྱོན་མེད་རྗེས་མེད་སྤྱོད་ལམ་རྩོལ་མེད་སྐྱོང་།    །དེ་འདྲའི་རང་བཟོ་གུ་རུའི་རང་རྣམ་དང་།    །ཡོན་ཏན་དྲི་ཞིམ་མཁས་སྒྲུབ་རྟགས་ངོམས་པའི།    །རྩ་བརྒྱུད་དིན་ཆེན་བླ་མས་་གསུངས་ཡིན་ཞེས།    །ཀུན་རྟོག་དོན་གཉེར་དགེ་བའི་གྲོགས་སུ་སྤྲོད།    །སྐྱོན་ཅི་ཡོད་ལ་རིག་པས་གཤགས།    །རྩལ་རྒྱས་དགེ་ལཡི་རངས་བསྔོ།    མངྒལཾ་བྷཝེཏ྄།། ䷠

No comments:

Post a Comment