།ཉིན་མོའི་བཀྲ་ཤིས་དཔལ་དང་ལྡན་པའི་འོད།
།མཚན་མོའི་བདེ་ལེགས་བདེ་སྐྱིད་ཕོ་ཉ་མོ།
།ནམ་ལང་འཆར་ཀའི་ཉིན་མཚན་སྦྱོར་བའི་ཡུམ།
།འགྲོ་བསྟན་མཛེས་རྒྱན་ལྷ་མོ་མཆོག་ལ་བསྟོད།
You, the sublime auspicious light of day
Messenger of happiness, goodness and joy by night
Mother who joins day and night at dawn:
Homage to the Goddess, beautiful ornament of living beings and the Doctrine.
།སྔོན་བསྐལ་བྱམས་དང་བརྩེ་ཆེན་བཀོད་པའི་ཡིད།
།ཆོས་སྲིད་འགྲོ་བའི་དོན་ལ་ལྷུར་སེམས་པའི།
།དུས་དང་གྲངས་ཀྱིས་རྩིས་ཆེར་རིག་པའི་བློས།
།དོན་ཀུན་ལྷུན་གྲུབ་ཡེ་ཤེས་རྒྱ་མཚོར་གཞོལ།
In a prior kalpa, with love and compassion your mind's array,
Most intent on benefitting beings with Dharma and in this life
Using intellect and awareness to comprehend vast dimensions of time and number
You advanced in the spontaneous presence of all benefit, an ocean of timeless awareness.
།སྲིད་ཞིའི་མངོན་ལེགས་དོན་སྒྲུབ་མྱུར་བའི་ལམ།
།ཐབས་ཤེས་རྩེ་མོར་སྒྲུབ་པའི་རྒྱལ་མཚན་འཛིན།
།ལུང་རིགས་མཚོ་སྔོན་བབས་པའི་སྲས་མོར་གྱུར།
།སྒྲ་ཀུན་སྐྱེད་ཡུམ་དབྱངས་ཅན་ལྷ་མོར་བསྟོད།
On the swift path accomplishing goals of samsara and nirvana, for now and forever,
You held the victory standard of the acme of attainment of method and wisdom
You became the daughter where the blue ocean of scripture and reasoning flows:
Homage to Sarasvati Devi, generatrix mother of all sound.
།ཡན་ལག་ཀུན་་་་ནམ་རབ་་་་འབྱུང་ལྔ་དང་བཞི་གྲངས་མཚོན།
།འདོད་རྩལ་བསྐལ་ལྡན་སྟོང་ཆེན་རྣལ་དུ་འབྱོར།
།འདོད་སྲེད་ཞེན་ལོག་འདོད་པའི་བདེ་བ་ཆེའི།
།འོད་གསལ་ཟུང་འཇུག་དབྱིངས་སུ་དྲངས་ལ་བསྟོད།
With branch-knowledges numbering five generations and four
Who unites those fortunate and skilled in passion with the natural state of great emptiness,
Reversing desirous attachment and draws into desired great bliss,
The coalescent expanse of luminosity: to you I pay homage.
།རང་གཞན་དོན་གཉིས་སྒྲུབ་པའི་མཐུ་ཆེན་མོ།
།རིག་པ་ཡང་དག་བསྒྲུབ་སྩལ་སྟོབས་ཀྱི་ལྷ།
།ལུགས་གཉིས་ཞི་བདེའི་སྒྱུ་འཕྲུལ་ལུས་འབྱུང་གི།
།མཆོག་སྲེད་གསེར་ཏོག་ལྷ་མོའི་ཞབས་ལ་བསྟོད།
Most capable in accomplishing the benefit of self and other
The deity of power who confers authentic attainment of vidya (mantra)
Whose very body is miraculous manifestation of peace and happiness in the two cultural frameworks,
At the foot of the Goddess, Golden Flower of Excellent Achievement, I pay homage.
།བྱར་མེད་བྱེད་མེད་ཀུན་བྱེད་རྒྱལ་མོ་ཡི།
།རང་རིག་རྩལ་དུ་རོལ་པའི་རིག་ངོ་ལས།
།བྱ་བྱེད་ཐ་སྙད་སྤྲོས་བྲལ་དབྱིངས་སུ་སྒྲོལ།
།རལ་པོད་འཛིན་གྱི་ཡུམ་ལ་ཕྱག་འཚལ་བསྟོད།
By recognizing the face of awareness in display from the power of
The All-Doing Queen of own-awareness, who is beyond doing or having something to do,
You liberate in the expanse devoid of conventional elaborations of deeds and doings.
Homage to the mother-consort [of] One Who Holds Scripture and Sword.
།དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།
།སྲུང་སྐྱོབ་སྒྲོལ་བའི་དབང་རྒྱས་ལྷ་མོ་ཁྱོད།
།ནམ་ཡང་མཐོང་དུ་རེ་སྨོན་དགེ་བའི་རྒྱུས།
།མཚན་དཔེའི་བདེ་ལེགས་རྒྱལ་ཁམས་ཁྱབ་གྱུར་ཅིག།
By the power of thus paying homage and praying
With the virtuous cause of wishing and aspiring always to see you--
Goddess who increases the power of protection, refuge and liberation--
May the felicity of your marks and signs pervade the world.
ཞེས་རང་གི་རྟོག་པའི་བབས་སོ་སོར་མོའི་བརྒྱུད་ནས་བཀོད་པའི་ཡི་གེ་བ་གྱི་ན་བ་ཝཱགེནྡྲསོ།
See https://web.archive.org/web/20090710131239/http://www.dharmaweb.org/index.php/Relatives_and_Disciples_of_the_Buddha_By_Radhika_Abeysekera#Great_Female_Disciples
ReplyDeletefor additional background