Sunday, December 3, 2017

Temple of Ultimate Mishap Guidebook and Prayer

मुहुर्भु अतिविहारस्यस्थानागमप्रनिध्युपेत ॥

muhurbhu ativihārasya sthānāgamapranidhyupeta

thol 'byung ati gling gi gnas lung smon lam bcas/

Tol jung Ati Ling

ཐོལ་བྱུང་ཨ་ཏི་གླིང་གི་གནས་ཡིག་སྨོན་ལམ་བཅས   །།
Temple of Ultimate Mishap
Guidebook and Prayer


།སྟོན་འཁོར་ཕུན་ཚོགས་ཡེ་ཤར་རྣམ་དག་དབྱིངས།
།ལས་སྨོན་རྟེན་འབྲེལ་བཟའ་སྐར་ཉི་ཟླར་བཅས།
།ལྷུན་གྲུབ་གཞི་སྣང་རོལ་རྒྱན་ཕྱག་རྒྱ་ཆེ།
།གངྒའི་རྡུལ་བཞིན་ཡོན་ཏན་བསམ་ཡས་ས།    ༡
།ཚོགས་བདག་མཧཱ་དེ་དང་མཚན་ལྡན་མ།
།འོད་ཐིག་སོ་མ་དེ་བིའི་རྒྱན་བཀྲ་བ།
།གང་གི་དེར་གནས་བདེ་སྐྱིད་གོ་སྐབས་ཕྱེད་།
།ལས་སྣང་སེལ་བའང་ལྷུན་གྲུབ་སྣང་བའི་གཤིས།    ༢
།རིགས་གསུམ་མགོན་དང་ཀུན་གྱི་གཞིར་གྱུར་མ།
།དཔལ་ལྡན་པདྨའི་གདུང་ཚོབ་རྡོ་རྗེ་འཛིན།
།ལས་ཀྱི་མཁའ་འགྲོ་བཟའ་མཁར་རྒྱུ་བའི་དཔྱིད་།
།རིག་འཛིན་བསྡུ་བྱིན་རྩ་གསུམ་གཅིག་འདུས་དངོས།    ༣
།བགྲང་མེད་བསྐལ་བར་ཚོགས་གཉིས་ལས་སྐྲུན་གྱི།
།སྟོན་པ་སྲས་བཅས་ཡོན་ཏན་གྱི་བདག་ཉིད་།
།ཅིག་ཤེས་ཐམས་ཅད་མཁྱེན་གྱུར་ཨཏིའི་ལམ།
།རང་མལ་ཕུན་ཚོགས་བྱུང་གནས་རྗེས་སུ་ཐོབ།    ༤
།རང
་་གནས་་་དེ་ཉིད་གཅིག་པུའི་འོད་གསལ་ཐིག་ལེ་ནང་།
།ལམ་གཉིས་འབྲས་བུའི་སངས་རྒྱས་སེམས་ཅན་རྣམས།
།སྐུ་གསུམ་རྣམ་དག་དགྱིངས་སུ་འཛད་ཆོས་ཉིད་།
།ཕྱམ་གཅིག་ཡང་སངས་རྒྱས་ཐོབ་ཤིས་འགྱུར་ཅིག    ༥
།འདོད་མའི་མགོན་པོའི་སྨོན་འབྲེལ་འགྲོ་བའི་ཁམས།
།རྣམ་དག་གནས་ཀྱི་ཡོན་ཏན་རབ་རྒྱས་པའི།
།རྟེན་འབྲེལ་ལེགས་བཟང་ཐོལ་དུ་བྱུང་བ་ཡིས།
།ལྔ་ལྡན་
་་གླིང་སྲས་ཀྱི་རིགས་སུ་འཕེལ་བར་ཤོག    ༦
།དེ་ཡི་མཐུ་ལས་རྒྱལ་བའི་བསྟན་པ་སྤྱིའི།
།གཙུག་གི་ནོར་བུ་བསྐལ་བཟང་སྟོང་དང་བཞི།
།བདེ་གཤེགས་ཐུགས་ཀྱི་སྲས་དང་སྲས་མོར་གྱུར།
།བསྐལ་པ་མ་སྟོང་བར་དུ་སྤྲུལ་འགྱུར་ཅིག    ༧

No comments:

Post a Comment