Retard Gandharva Boy's Bulletin:
A Spontaneous Song about Fundamentals
༄༅། །མཉུག་མའི་ཐོལ་གླུ་དྲི་ཟའི་བུ་གླེན་གྱི་ཆ་གཏམ་བཞུགས།
།ཆོས་སྐུ་སྣང་མཐའ་ཡས་པའི་ཇི་བཞིན་མཁྱེན་པའི་ཀློང་།
།འཛམ་བླིང་མི་བརྗེད་འཇིག་རྟེན་ཐུགས་་རྗེ་ཆེན་པོར་འབྱོན།
།རྣམ་པར་སྤྲུལ་པའི་གར་སྒྱུར་སྐྱབས་ཀྱིས་འགྲོ་དོན་མཛད་།
།པད་འབྱུང་གཏེར་ཆེན་གླིང་སྲས་རྩ་བརྒྱུད་བླ་མར་གདུད་། །༡།
།སེམས་ཉིད་གནས་ལུགས་སྤྲོས་བྲལ་ཡངས་པའི་ཡུམ་གྱི་མཁར་།
།ཆོས་ཉིད་མི་འགྱུར་བདེ་ཆེན་བཙུན་མོའི་དགར་གནས་པའི།
།མཉམ་ཉིད་ཡེ་ཤེས་འོད་གསལ་རྡོ་རྗེ་འདུས་མ་བྱས།
།གཞི་ཉིད་ལྷུན་གྱིས་གྲུབ་པའི་སྐུ་ཡི་རོལ་དུ་རྩེད་། །༢།
།གང་ཤར་སྐད་ཅིག་གཉིས་མེད་རིག་པའི་རྩེ།
།ཤར་གྲོལ་དུས་གྱིས་དབེན་པའི་རིག་པའི་ཐད་།
།ད་ལྟར་མི་གནས་དུས་གསུམ་འཕོ་འགྱུར་ཞེས།
།ཡོངས་ཡེ་མི་མངའ་སེམས་ཉིད་ཡན་པ་ཆེ། །༣།
།མ་ངེས་སྒྱུ་མའི་རྟེན་འབྲེལ་ཡོ་ལངས་དུ་འཆར་བའི།
།མ་སྐྱེས་མི་འགག་གར་ཡང་གནས་མིན་དུ་ངེས་ཤེས།
།ཆོས་དང་ཆོས་བྱེད་སྒོམ་དང་བསྒོམ་བྱའི་དོན་གྱི་གཤིས།
།འབྱུང་བའི་ལུགས་ལྡོག་ལམ་གཉིས་གཞི་གཅིག་གི་ཆོས་ཉིད་། །༤།
།རང་གཞན་མཉམ་བརྗེས་རོ་གཅིག་མོས་པའི་སེམས་འདི་ཡང་།
།གཅིག་དུ་བྲལ་བའི་བཏགས་རྟེན་སྒྱུ་འདྲའི་ཆོས་རང་བཞིན།
།ཕྱི་ནང་བར་མཚམས་མེད་པའི་འགག་མེད་ལྟོས་གསལ་བའི།
།གསལ་ལ་མི་གནས་ཐབས་ཀྱིས་རོལ་པའི་མཉམ་པ་ཉིད་། །༥།
།རང་གྲོལ་བསྒྲལ་བྱ་སྒྲོལ་བྱེད་གཞན་ཞེས་སུ་མི་ཤེས།
།འོན་ཀྱང་རྣམ་པར་གྲོལ་ཞེས་གྲགས་པའི་བླ་བརྒྱུད་པ།
།རང་བླ་འཕྲོག་པའི་ཚབ་ཏུ་འཕོས་པའི་བུ་འདིའི་རྒྱུད་།
།ཚིག་བརྒྱུད་དོན་གྱིས་བརླན་པའི་བྲོ་ལ་དགའ་བས་རྒྱུས། །༦།
།ཇི་བཞིན་ཚོགས་གི་ལྷག་མར་ལྷགས་པའི་དྲི་ཟའི་བུ།
།སྐྱེས་ཆེན་དམ་པའི་ཞལ་ཟས་རོ་ཡིས་མཆུར་རློན་བཞིན་།
།དེ་བཞིན་གོང་མ་གསང་གསུམ་བསྡུས་པའི་བཀའ་དབང་རྒྱུན།
།ཆུ་ཆེན་རྡོལ་བའི་ཕ་མཐར་ཆ་མེད་བདག་ལ་བྱུང་། །༧།
ཞེས་བབ་བཅོལ་རང་གི་ཚིག་གི་རོས་ཀུན་ཏུ་བསླང་པ་ཨེ་ཀ་རཱ་སིར་གྱུར་པ་པད་དབང་མིང་པ་གཅིག་གིས་མངོན་པར་རློམས་པའོ།
Within
the expanse of realizing just as they are the Infinite Appearances
(amitābhāḥ)
of all Dharmas
Arriving
as Great Compassion in this Jambhudvipa world, in the Saha universe,
With
the emanated dance of the Refuges, providing the weal of beings:
To
Pemajung, the great Tertons and their
descendants, root and lineage Lamas, I pay homage.
Mind-nature,
the ungoing state, in unelaborated space beyond broad and narrow,
Abiding
as the joy of changeless Dharmata, the Queen of Great Bliss,
Timeless
awareness of equality, vajra luminosity, uncompounded
Disports
as display of the ground itself, Kāyas
of spontaneous presence.
Whatever
arises instantly, without a second, is
the
peak
of awareness
Occurrence-liberation,
beyond time, is the outook
of awareness
Not
abiding now, “change in the three times”
Is
utterly and originally absent, the great vacancy
of mind-nature.
Arising
uncertainly as the procession of illusion-like interdependence,
Not
born, unceasing, abiding nowhere, that is most certain.
Dharma,
dharma-doings,
meditation and meditation-topics, in point of fact,
Are
the Dharmatā of the single ground of two the two paths of arising
and reversal.
This
mind that wishes the one taste of equally exchanging self and other
Has
the illusion-like nature of dharmas, interdesignated, beyond unity
and multiplicity
Clearly
interdependent on seamless, continuity beyond outer, inner and
in-between
The
equalness of method-display that does not dwell onclarity.
Self-liberation,
someone to liberate, something else to do the liberating -- who has a
clue?
But
by a lineage of gurus renowned as “fully liberated “
In
place of his own missing soul-teacher, the transferred lineage of
this boys' mind
Roams
with joy after the flavor of the word-lineage that is moist with
meaning.
Just
as as a Gandharva boy
gets
the remainder of ganapuja,
Wetting
his lips with the flavor of food offered by
great holy beings
Likewise
the Word's
power-flow
containing the Three Secrets of lineage gurus
Reached
me, clueless,
on the far
side of a
damburst.
No comments:
Post a Comment