Tuesday, May 29, 2018

Letter to a Tibetan lama, Part I

c. 2011:
  །ཨོ་རྒྱན་ཆེན་པོའི་སྐུ་གསུམ་ངོ་བོ་ཉིད།   །སྙིགས་དུས་སེམས་ཅན་སྐྱབས་ཅིག་པདྨ་དབང་།  །རྡོ་རྗེའི་གསུང་རྒྱལ་གདམས་པའི་གཏེར་ཆེན་ཁྱོད་།   །དུག་གསུམ་མནར་བའི་བུ་འདིབརྩེ་བས་སྐྱོངས།   །སྔོན་ལས་མཐུས་དང་འཇམ་དཔལ་པདྨ་ཡིས།  །འགྲོ་དོན་བཀའ་དྲིན་དམ་བཅས་སྐྱེ་བ་འདིར།   །མཚུངས་མེད་འོད་གསལ་མདོ་སྔགས་བསྟན་མཇལ་ཀྱང་།   །རང་དོན་ངན་པའི་གོམས་གཤིས་སྐྱོན་དུ་མས།   །ད་དུང་ཚེ་འདིར་སྒྲོལ་བའི་སྐལ་དུས་མེད་།   །འཇིག་རྟེན་ཆོས་བརྒྱད་སྤྱི་དང་ཁྱད་པར་དུ་།   །ལུས་འཚོ་འཁྲིགས་བདེར་ཞེན་པས་ཁྱིམ་སྟབས་ཀྱི།   །རྣམ་གཡེངས་སྙི་རུ་འཛིན་པའི་བྱིའུའི་ཚུལ།   །དབང་མེད་ཆགས་པའི་རང་ཚང་འདི་ཙམ་འགྱུར།   །ཨོ་རྒྱན་ཡབ་ཡུམ་གསོལ་བཏབ་མཐུས་ཡིན་ལོས། །ཡེ་ཤེས་མཚོ་ལས་བསྐྲུན་པའི་གཟུ་ལེགས་མ།    །མཚན་ལྡན་ལྟར་སྣང་མཁའ་འགྲོ་མ་རྣམ་གཉིས། །བརྩེ་བའི་དམ་ཚིག་རྟེན་སྐལ་བཟང་ལྟར་ཡང་།    །སྐྱེས་སྦྱང་ཡོད་ཞེས་རང་མཐོང་བློ་སྐྱེད་བགྲངས།   །ཡིན་དང་ཡིན་ལྟར་རྫུན་རིས་འཁྲུལ་རྟོག་ལས།   །མངོན་ལེགས་ཡང་དག་སྐལ་ལྡན་བྱེད་པ་ལ།   །ཕུང་པོ་འཚོ་ཕྱིར་མངར་ཆུ་བཏུང་བ་བཞིན།    །འཕྲལ་བདེ་དགའ་ཚོར་ཡུད་ཙམ་བཞེས་འོག་ཏུ།    །རང་གཞན་དོན་གཉིས་འགལ་རྐྱེན་ཙམ་བྱེད་དེ་།   །རང་གིས་རང་དོན་ཁོ་ནར་གཙོར་བྱས་ནས། །རང་མཚང་དེར་དང་དེ་འདྲར་མཐོང་ཀྱེ་ཧུད་།   །ཇི་བཞིན་རང་གཞན་སྒོ་གསུམ་མ་སྨིན་སྐྱོན།    །སྙིང་རྗེ་མ་གཉིས་ཐེངས་གཉིས་བདུད་མོར་བབས།   །གནས་ཚུལ་ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ།   །འགྱུར་མེད་གནས་མཆོག་རྟག་ཏུ་བཞུགས་ནས་ཀྱང་།   །ཐུགས་རྗེ་འགག་མེད་རོལ་པའི་རང་བཞིན་གྱིས།   །མ་དག་འདུལ་བྱ་བདག་འདྲའི་གསོལ་བཏབ་རྒྱུན།    །ལྷུན་གྲུབ་ངོ་བོར་མེད་བཞིན་སྣང་བའི་ཚུལ།   །རང་སེམས་དག་དང་མ་དག་མཐུན་པར་འབྱུང་།   །དེ་ལྟར་བསྐལ་བཟང་ངན་དུ་འགྱུར་ཚུལ་འདི་།    །རང་ལས་གཞན་གྱི་སྐྱོན་མིན་ངེས་ཤེས་ནས།   །ད་ལྟ་མཆོག་གསུམ་དཔང་པོར་བཞུགས་ཚོགས་མདུན།    །ཉམས་ཆགས་ཉེས་སྐྱོན་སྐྱོ་ཤུགས་ཆེན་པོས་གཤགས།
To make this composition up-to-date, just substitute མ་གསུམ་ཐེངས་གསུམ་ 


for མ་གཉིས་ཐེངས་གཉིས་.

No comments:

Post a Comment