༈ །ཐུགས་བསྐུལ་བརྟུལ་ཞུགས་གསེར་རྡེའུ་བཞུགས༎
།རབ་འབྱམས་མཁའ་འགྲོའི་གཙོར་འཛིན་དམ་ལས་སྐྱེའི།
།གང་འདུལ་ཕྲིན༵༵༵་ལས༵༵༵་དབང་མཆོག་རོལ་པའི་རྩལ།
།སྙིགས་བདོ་སྐྱབས་སུ་སྲིད་འདིར་ཐུགས་དམ་ཆེས།
།སྔོན་ལས་ཐོག་བབ་རྩུབ་ཀློང་བྱིངས་རྣམས་ལ།
།བྱམས་སྙིང་རྨད་འབྱུང་ཞི་བདེའི་འདུལ་ཞིང་དཔལ།
།ཚུལ་བསྟན་མཆོག་ཏུ་འགྱུར་ནའང་འདུལ་དཀའ་ཚོར།
།དབང་དྲག་པདྨའི་ཁྲོས་ཆེན་རྒྱལ་ཚབ་ཆེའི།
།ལས་བཞིའི་ལྷུན་གྲུབ་སྨིན་ཐབས་རིག་འཛིན་སྲོག
།འཁོར་གྱི་དབང་པོར་བཞེངས་པའི་སྔོན་ལས་ལྟར།
།བདག་ཅག་སྔོན་ལས་དབང་གིས་འཕྱན་ཧྲུལ་རྣམས།
།ཐུགས་དམ་མཐར་ཕྱིན་དང་འགལ་ཉེས་ཀུན་གཤགས།
།སྲིད་མཚོའི་འཕོ་བཏུང་དམའ་བར་ཡུན་སྡོད་ཀྱང་།
།ཐུགས་བརྩེ་སྨོན་དང་འབྲེལ་མཐའ་སྙོན་དུ་མེད་།
།འདི་ཕྱི་ཁྱེད་ཐུགས་ནོར༵༵༵་འཛིན་ལྷུན་མཐོའི་སར།
།གཞེངས་ཤིག་བླ་མ་རྡོར་སེམས་བུ༵༵༵་སློབ་འདིའི།
།གཉེན་བཞིའི་དཔང་ཚུགས་བདག་དང་སེམས་ཅན་ཀུན།
།མེད་ཐབས་མེད་ཀྱི་སྐྱབས་དང་སྦྱོང་བྱེད་སྔགས།
།ཀུན་འདུས་ལྷ་སྐུར་འཚོ་དང་འགྲོ་གཞན་ལ།
།སྤྲུལ་མཚན་མྱུར་བསྟན་སྲིད་པའི་སྡེ་དཔོན་དུ་།
།འཛམ་གླིང་དཔལ་དུ་བྱོན་ཏེ་ཆོས་ཉིད་མཐུས།
།ནམ་ཡང་འབྲལ་མེད་སྨོན་འགྲུབ་འགྱུར་ཅིག་དགེ
August, 2013
Tuesday, May 30, 2017
Monday, May 29, 2017
༈ ཆང་ཚོང་ཁང་དུ་ཕབ་པའི་གསུང་བགྲོས།
༄། །ས་བརྒྱད་སྤྱི་དང་རྟོགས་བརྗོད་སྔོན། །སྨོན་ཚིག་རྟེན་ཅིང་འབྲེལ་དོད་ཀུན། །དུས་མཐུན་རང་སྣང་སྙོན་དུ་མེད་། །ས་དེར་བཀྲ་བར་སྐྱེད་ཤེས། །ཀུན་གྱི་་ས་མི་མཐོང་ཆོད་ཆུང་། །སྤུན་དགུའི་ཡང་ལོག་འདུས་པས། །བླ་སློབ་ཕལ་གྱི་རྣམ་ཤེས། །གཏོད་དང་འཛིན་རློམ་མཆེད་པས། །སྡེ་འཁྲུགས་ལྟས་སུ་དབྱེན་ལས། །གཅིག་ཀྱང་མ་ཐུག་མེད་པས། །གྲུབ་དབང་ཕྲད་པའི་་དམ་ལྡན་་་ཚོགས། །ཕུར་སྨད་ལེགས་ཀུན་བསྲུངས་དང་། །དམ་གྲགས་བཀའ་བསྒོས་ཡང་གཅེས། །མཐུན་ཚོགས་དམ་གཙང་གྲིགས་དང་། །གཡའ་གཙང་བཀྲ་ཤིས་དཀྱིལ་བའི། །ཀུན་ཚོགས་པང་གནེས་རབ་བོ། །དེར་ཕྱིན་མཆེད་ལྕམ་བསྡུས་པས། །འཁྲུགས་དང་གནད་འཕྲོག་ཉེས་བསེལ། །གནས་པར་དམ་བསྡུས་སྟེང་རྡོ་མཁར། །སྟེང་དུ་བཟོ་རྟེན་འབྲེལ་བཟང་། །གཏེར་འབུམ་འཁྲུས་ཆུའི་གཙང་ཆོག །མནན་སྲི་བྲུབ་ཁུང་ཡང་དབེན། །འཇིག་རུང་རོང་དུ་ས་་་ཙྪ་ཆའི། །ཡང་སྐྱར་དྲིས་ལེན་བྱའོ།
Aug. 28, 2013
།འོན་ཀྱང་དེང་སང་བླ་དཔོན་ཕལ་ཆེར་ཞབས་གཏན་རང་གཞན་དང་། །ཡོན་སློབ་འདུ་བཞིའི་ཐབས་ཤེས་ཁོ་ནས་འཆར་གཞིར་ལས་རིམ་འགོ་ཚུགས་མ་གཏོགས། བསྟན་པ་སྤྱི་དང་རང་སྡེའི་གཞུང་འགྲིམ་དམ་པོར་བསྲུངས་སླད་དུ་མ་གཏོགས། གུ་རུའི་ཞལ་མཆེམས་འདའ་ཀ་མ་དང་། །མདོ་རྒྱུད་ལུང་བསྟན་པའི་རྡོ་ཚིགས་ལ་ཆེར་མ་དགོངས་པར། །རང་སྡེའི་ཕྱག་མཛོད་སོགས་ཀྱི་འདོད་དོན་ཁོ་ནར་རྩིས་ཏེ་གུ་རུའི་ལུང་བསྟན་པའི་གལ་མདོའི་རྟེན་འབྲེལ་རྟགས་སུ་བཤད་པའི་ལུང་ཕལ་ཆར་རྒྱབ་ཏུ་འབོར་ནས། །ཕྲལ་དོན་ཙམ་པོ་བ་ལ་མཆོག་འཛིན་དང་། རང་དོན་འཕེལ་སླད་དུ་ཆགས་པར་རྩལ་བཏོན་བྱས་ཏེ། །རང་སྡེ་སྲུང་སླད་དུ་དང་། །གཞན་སྡེའི་བསོད་བདེའི་གྲིབ་བསེལ་དུ་དམིགས་པའི་སྟེང་འཆའ་བ་རྣམས་ཐ་ཤལ་ཏེ། །བསྟན་པའི་སྲོག་འཕྲོག་མྱུར་གྲིབ་ཏུ་སོང་བའི་སྔོན་ལྟའི་སུན་པ་ཁྱེར་བའི་ལས་རྒྱས་ཁོ་ནའོ།
།ཀྱེ་ཧུད་། བསྟན་སྲོག་བཤེད་མ་དག །བླ་བགྲེས་བླ་གོས་འཁྲིམས་ཚུགས་འཚོར་འཛིན་པ། །རང་གཞན་ཕུག་དོན་བོར་བས་ཆོག །ཐ་མལ་བླ་གོས་ཞབས་བརྟེན་བཙུན་བན་དང་། །གྲོགས་པའི་འུར་སྐད་རྩུབ་ལས་ཁོ་ནར་འཚོ། །འཇམ་དཔལ་ཤེས་དང་སྤྱན་གཟིགས་སྙིང་འུར་ཁྱད་བསོད་ལས། ྄།རང་སྡེའི་ཚོགས་དང་སུ་དང་འཕྲོད་གཏེན་མིན། །གཟུགས་གཙོགས་མི་ཉོན་བཞིན་དུ་འབོར། །གཟུགས་བཟང་ཡིན་ཚད་གཡོ་རྒྱུས་མ་རྩིས་ཁྱུད་། །དེ་ལྟར་ལུགས་གཉིས་མཛོལ་བཞིན་དང་། །རང་མགོ་བསྐོར་བའི་ཆོས་བྱེད་མཁན་ཞེས་གྲགས། །ཀྱེ་མ་གུ་རུའི་ཞལ་མཆེམས་འདི་ལྟར་བདེན་རྫུན་གང་། བློའི་དྲང་སྲང་དཀྱིལ་དུ་དཔང་གྲོགས་མཛད་། །ཚན་རིགས་བཏགས་དཔྱོད་བཞིན་དུ་བཏེགས་དེ་ལེགས། །ལུང་རིགས་གཉིས་བོར་རང་མོས་ཁོ་ནར་འཛིན། །སྒྲོ་བཏགས་ཌཱ་ཀྐི་རང་ཞལ་ཆགས་སྟེ་འཁྲུལ། །དེ་ལྟར་རྡོར་ཐེག་དམ་ཀུན་སྙིགས་མའི་དོང་ཏུ་གཏོད་།
།དེ་འདྲའི་དམ་ཚོགས་འུབ་ཀྱིས་མཆེད་པ་རྣམས། །ཕ་ཁྱེད་རང་ཞལ་མ་མཐོང་སུ་ཡིས་བསྒྱུར། །མ་མཐོང་གནས་འགྱུར་གནས་རིགས་སུ་ཡིས་གཟིགས།
།རྩ་གཞུང་གནས་འགྱུར་ཤིནོ། །གཉིས་སྣང་ཆར་པ་པདྨར་སློབ། ཞེས་ཆང་དམར་པོའི་ནུས་ཞུ་ནས་རཱ་སི་པའི་ལག་སོར་ཡལ་ནས་བྲིས་ཡིག་ཆད་དོ། Aug. 28, 2013/Wok'n'Roll/Woodstock

Sunday, May 28, 2017
༈ ཙིཏྟའི་སྙིང་སྒྲུང་བཞུགས།
༄༅། །གང་ཚེ་པདྨ་ཀཱརའི། །སྐུ་མདུན་འཆིབས་སྟེ་ཕེབས་པ། །འདས་པའི་རྒྱལ་བའི་ཤུལ་ཁར། །དམ་གནས་སྲུང་མ་ཡིན་འདའ། །དེའི་ཚེ་ཤིན་ཏུ་རྟེན་པའི། །འབྲེལ་བ་བཀྲ་ཤིས་སྨོན་ལམ། །ཡང་སྐྱར་བསྟན་ལ་དགོངས་པའི། །མཐུ་ཆེན་དགྲ་ལྷར་བཀོད་པ། །དམ་ལྡན་བསམ་ཡས་སྡེས་པའི། །དམ་གནས་འཁྲིམ་དུ་གཅོད་པ། །འཇིག་རུང་ཤིན་ཏུ་དྲག་པའི། །དམ་སྲི་གཤན་པར་གཏོད་ལྷ། །ད་ལྟའི་བར་དུ་བསམ་གཏན། །ཐུགས་དམ་ལྷུར་བྱེད་སྒོམ་པར། །ཞལ་བཞེས་ཇི་བཞིན་སྒྲོད་པའི། །རྣལ་འབྱོར་འདོད་ཀུན་འབྱོར་བ་་་ཡང་རྣལ་འདི་ཉིད་ཤེས་སླ་ཞེས་ཀྱང་དྲན་པར་སྙམསོ། ྅་་་བརྡའ་ཆད་་་འབྲིས་རྐད་པར་མནན་ལའོ།
༈ མྨཱོར་འབོད་།
།སེམས་ཅན་ཀུན་གྱི་འཕྲིན་ལས་དཔལ་གྱི་མ། །རྣལ་འབྱོར་ཡོངས་ཀྱི་སྒྲུབ་ཕུགས་སྐྱབས་ཉིད་མ། །བུ་སློབ་དད་ལྡན་སྟེར་བའི་ནུ་ཉིད་མ། །མ་མོ་རབ་འབྱམས་ཚོགས་ཀྱི་བདག་ཉིད་མ། །ཡང་རྩེའི་ཐེག་པའི་དམ་འཛིན་གྲོགས་མཛད་མ། །ནང་རྒྱུད་དབང་ལས་དམ་ལོག་བསོད་མཚོན་མ། །དམ་ལྡན་ཀུན་གྱི་མ་སྲིང་སྤྱན་གཟིགས་མ། །བསྐལ་བར་དག་མ་སྟོང་དང་བདག་སྲིང་མ། །ཁྱེད་ཚོགས་བཅས་ཀུན་ངུ་འབོད་འདིར་སོན་དང་། །རིག་འཛིན་བདག་ཅག་བརྩེས་སྐྱོབས་མ་གཡེལ་འབོད་། །གཏན་སྲིད་མ་སྲིང་ཁྱེད་སྡོང་གྲོགས་མཛོད་ཅིག་དང་། །རིག་འཛིན་མཆེད་ལྕམ་ཀུན་དང་དམ་གཙང་འབྲེལ་བ་ཐོབ། །བརྩེ་བས་སྐྱོབས་དང་ནུས་བརྩེར་བཅུད་སྟེར་བཞིན། །ཆོད་ཟད་མཐར་འཁྱོལ་དབང་བཞིའི་མཐར་ཕྱིན་ནས། །ཀུན་བཟང་ཚོམས་ཅིག་བྷཱ་གར་སངས་རྒྱས་ཤོག ཞེས་
༈ ཙིཏྟ་དམར་བའི་བཀའ་གླེང་བཞུགས།
༈ །སྟོང་གསལ་མཁའ་འབྱམས་དབྱིངས་སུ། །རེས་མེད་འཕོ་མེད་ལུས་པ། །གང་དེའི་སྙིགས་ཆར་གཏོད་པས། །རེ་མེད་དབྱིངས་སུ་གཱ་ངྒར། །ཨ་ཧོ་འདི་ཞེས་མཚོན་དང་། །མིང་མེད་དབྱིངས་སུ་བཀྲ་ཤིས། །བདེ་ལེགས་འཕོ་བའི་ལུང་པ། །བདེ་བའི་སྲིད་བྲལ་རྟག་པ། །གཡུང་ཆུང་དེ་ལ་མི་ཆགས། །གཏོར་མའི་་་རླུང་་་གླུད་ཆེན་སྲིལ་ཕབ། །འུབ་ཀྱིས་ཧཱུྂ་ཁུང་མེ་འབར། །གཏོར་དུ་རླགས་པའི་བསྒྲལ་བ། །འདི་ལས་ལྷག་མེད་ཀུན་དྭངས། །ལྷ་རུ་དཀྱིལ་འཁོར་བསྐྱེད་པས། །གང་འབྱུང་ལྷོད་པའི་རོལ་པ། །འཆོལ་ཆེན་གུ་རུའི་འང་འབྲས། ཞེས་རང་གཞན་མཆེད་ལྕམ་གྱི་རྒུད་པ་ཆེས་ཆེར་འགྲོ་བའི་སྐགས་ཤིག་ཏུ་གནོད་འབྱིན་ཆེན་པོའི་དགོངས་པར་བློས་བཏང་བར་གང་འབྱུང་འབྲིས་སོ༎ c. 7/2013
Saturday, May 27, 2017
།ཕུན་ཚོགས་འཕྲུལ་འཁྱིལ་བཞུགས།
།ཧཱུྂ། །རང་བཞིན་གནས་པའི་ཞིང་ཁམས་གནས། །རང་ཤར་རིག་པ་འཆོལ་བའི་སྐུར་། །རང་བྱུང་ཡེ་ཤེས་ལྷན་སྐྱེས་སོགས། །བརྒྱད་ཚན་སྡེ་བརྒྱད་སྣ་ཚོགས་འཕྲུལ། །སོ་སོའི་གནས་སུ་གཙོ་འཁོར་འབངས། །རིགས་བཞིའི་བཀོད་པའི་ཕུན་ཚོགས་ངང་། །ཕྱི་ནང་གསང་དང་ཡང་གསང་གི །སྐུ་བཞིའི་འཕྲུལ་འཁོར་ཡན་ཆེད་དུ་། །ཕུན་ཚོགས་སྡེ་བརྒྱད་དབྱིངས་དང་མཉམ། །རོ་གཅིག་ཆོ་འཕྲུལ་ཀློང་ཅིག་གཞེངས། སྥོཊཡ་ཨཱཿ ཟབ་རྒྱ།
Friday, May 26, 2017
༄༅། ཝུཌ྄་སིཏོཀ་གསེར་གྱི་ལྷ་མོའི་གསོལ་བསྡུས་བཞུགསོ།།
ཧྲཱིཿ །ཆོས་ཉིད་ཡུམ་བཀའི་ཡེ་ཤེས་སྤྲུལ། །རབ་བརྗིད་མཛེས་ཆོས་ཕྱུག་མོ་ལ། །ཡིད་ཀྱི་གདུངས་པས་གསོལ་ཞིང་མཆོད་། །ལས་བཞིའི་དབང་ཐང་ལྷུན་གྲུབ་གཏེར་། །ཐུགས་དམ་བརྟེན་གྱི་སྟེང་ནས་འབྱོར། །འགྲོ་བསྟན་དོན་ཀུན་ལེགས་པ་ཉིད་། །མྱུར་དུ་མཛེས་པའི་ལས་མ་གཡེལ། །སྒྲུབ་པའི་བུ་སྙིང་བདེ་སྐྱིད་ངང་། །དམ་ཚིག་རོ་གཅིག་ཨེ་མ་ཡེ། །དགྱེས་པའི་དུས་འདིར་ས་མ་ཡཿ ཞེས་དུས་གཟང་ཤིས་པའི་རྟགས་དང་བཅས་སྟེ་དཀོན་བཀྲིས་གང་མོས་པའི་བློ་དང་མཐུན་པའི་དགེ་འགྱུར་ཅིག མངྒལཾ༎
Subscribe to:
Posts (Atom)