Sunday, May 28, 2017

༈ ཙིཏྟ་དམར་བའི་བཀའ་གླེང་བཞུགས།

༈    །སྟོང་གསལ་མཁའ་འབྱམས་དབྱིངས་སུ།   །རེས་མེད་འཕོ་མེད་ལུས་པ།   །གང་དེའི་སྙིགས་ཆར་གཏོད་པས།    །རེ་མེད་དབྱིངས་སུ་གཱ་ངྒར།   །ཨ་ཧོ་འདི་ཞེས་མཚོན་དང་།   །མིང་མེད་དབྱིངས་སུ་བཀྲ་ཤིས།   །བདེ་ལེགས་འཕོ་བའི་ལུང་པ།     །བདེ་བའི་སྲིད་བྲལ་རྟག་པ།   །གཡུང་ཆུང་དེ་ལ་མི་ཆགས།     །གཏོར་མའི་་་རླུང་་་གླུད་ཆེན་སྲིལ་ཕབ།    །འུབ་ཀྱིས་ཧཱུྂ་ཁུང་མེ་འབར།   །གཏོར་དུ་རླགས་པའི་བསྒྲལ་བ།   །འདི་ལས་ལྷག་མེད་ཀུན་དྭངས།   །ལྷ་རུ་དཀྱིལ་འཁོར་བསྐྱེད་པས།   །གང་འབྱུང་ལྷོད་པའི་རོལ་པ།   །འཆོལ་ཆེན་གུ་རུའི་འང་འབྲས།    ཞེས་རང་གཞན་མཆེད་ལྕམ་གྱི་རྒུད་པ་ཆེས་ཆེར་འགྲོ་བའི་སྐགས་ཤིག་ཏུ་གནོད་འབྱིན་ཆེན་པོའི་དགོངས་པར་བློས་བཏང་བར་གང་འབྱུང་འབྲིས་སོ༎    c. 7/2013

No comments:

Post a Comment