Tuesday, May 30, 2017

༄༅། །ཐུགས་བསྐུལ་བརྟུལ་ཞུགས་གསེར་རྡེའུ་བཞུགས༎

༈    །ཐུགས་བསྐུལ་བརྟུལཞུགསགསེརརྡེའུ་བཞུགས༎ 

།རབ་འབྱམས་མཁའ་འགྲོའི་གཙོར་འཛིན་དམ་ལས་སྐྱེའི།
།གང་འདུལ་ཕྲིན༵༵༵ལས༵༵༵་དབང་མཆོག་རོལ་པའི་རྩལ།
།སྙིགས་བདོ་སྐྱབས་སུ་སྲིད་འདིར་ཐུགས་དམ་ཆེས།
།སྔོན་ལས་ཐོག་བབ་རྩུབ་ཀློང་བྱིངས་རྣམས་ལ།
།བྱམས་སྙིང་རྨད་འབྱུང་ཞི་བདེའི་འདུལ་ཞིང་དཔལ།
།ཚུལ་བསྟན་མཆོག་ཏུ་འགྱུར་ནའང་འདུལ་དཀའ་ཚོར།
།དབང་དྲག་པདྨའི་ཁྲོས་ཆེན་རྒྱལ་ཚབ་ཆེའི།
།ལས་བཞིའི་ལྷུན་གྲུབ་སྨིན་ཐབས་རིག་འཛིན་སྲོག
།འཁོར་གྱི་དབང་པོར་བཞེངས་པའི་སྔོན་ལས་ལྟར།
།བདག་ཅག་སྔོན་ལས་དབང་གིས་འཕྱན་ཧྲུལ་རྣམས།
།ཐུགས་དམ་མཐར་ཕྱིན་དང་འགལ་ཉེས་ཀུན་གཤགས།
།སྲིད་མཚོའི་འཕོ་བཏུང་དམའ་བར་ཡུན་སྡོད་ཀྱང་།
།ཐུགས་བརྩེ་སྨོན་དང་འབྲེལ་མཐའ་སྙོན་དུ་མེད་།
།འདི་ཕྱི་ཁྱེད་ཐུགས་ནོར༵༵༵་འཛིན་ལྷུན་མཐོའི་སར།
།གཞེངས་ཤིག་བླ་མ་རྡོར་སེམས་བུ༵༵༵་སློབ་འདིའི།
།གཉེན་བཞིའི་དཔང་ཚུགས་བདག་དང་སེམས་ཅན་ཀུན།
།མེད་ཐབས་མེད་ཀྱི་སྐྱབས་དང་སྦྱོང་བྱེད་སྔགས།
།ཀུན་འདུས་ལྷ་སྐུར་འཚོ་དང་འགྲོ་གཞན་ལ།
།སྤྲུལ་མཚན་མྱུར་བསྟན་སྲིད་པའི་སྡེ་དཔོན་དུ་།
།འཛམ་གླིང་དཔལ་དུ་བྱོན་ཏེ་ཆོས་ཉིད་མཐུས།
།ནམ་ཡང་འབྲལ་མེད་སྨོན་འགྲུབ་འགྱུར་ཅིག་དགེ
August, 2013
 

No comments:

Post a Comment