Friday, May 26, 2017

༄༅། ཝུཌ྄་སིཏོཀ་གསེར་གྱི་ལྷ་མོའི་གསོལ་བསྡུས་བཞུགསོ།།


ཧྲཱིཿ   །ཆོས་ཉིད་ཡུམ་བཀའི་ཡེ་ཤེས་སྤྲུལ།    །རབ་བརྗིད་མཛེས་ཆོས་ཕྱུག་མོ་ལ།   །ཡིད་ཀྱི་གདུངས་པས་གསོལ་ཞིང་མཆོད་།     །ལས་བཞིའི་དབང་ཐང་ལྷུན་གྲུབ་གཏེར་།     །ཐུགས་དམ་བརྟེན་གྱི་སྟེང་ནས་འབྱོར།     །འགྲོ་བསྟན་དོན་ཀུན་ལེགས་པ་ཉིད་།     །མྱུར་དུ་མཛེས་པའི་ལས་མ་གཡེལ།     །སྒྲུབ་པའི་བུ་སྙིང་བདེ་སྐྱིད་ངང་།    །དམ་ཚིག་རོ་གཅིག་ཨེ་མ་ཡེ།    །དགྱེས་པའི་དུས་འདིར་ས་མ་ཡཿ  ཞེས་དུས་གཟང་ཤིས་པའི་རྟགས་དང་བཅས་སྟེ་དཀོན་བཀྲིས་གང་མོས་པའི་བློ་དང་མཐུན་པའི་དགེ་འགྱུར་ཅིག     མངྒལཾ༎

No comments:

Post a Comment