Sunday, May 28, 2017

༈ མྨཱོར་འབོད་།

།སེམས་ཅན་ཀུན་གྱི་འཕྲིན་ལས་དཔལ་གྱི་མ།   །རྣལ་འབྱོར་ཡོངས་ཀྱི་སྒྲུབ་ཕུགས་སྐྱབས་ཉིད་མ།   །བུ་སློབ་དད་ལྡན་སྟེར་བའི་ནུ་ཉིད་མ།    །མ་མོ་རབ་འབྱམས་ཚོགས་ཀྱི་བདག་ཉིད་མ།   །ཡང་རྩེའི་ཐེག་པའི་དམ་འཛིན་གྲོགས་མཛད་མ།   །ནང་རྒྱུད་དབང་ལས་དམ་ལོག་བསོད་མཚོན་མ།   །དམ་ལྡན་ཀུན་གྱི་མ་སྲིང་སྤྱན་གཟིགས་མ།    །བསྐལ་བར་དག་མ་སྟོང་དང་བདག་སྲིང་མ།   །ཁྱེད་ཚོགས་བཅས་ཀུན་ངུ་འབོད་འདིར་སོན་དང་།   །རིག་འཛིན་བདག་ཅག་བརྩེས་སྐྱོབས་མ་གཡེལ་འབོད་།   །གཏན་སྲིད་མ་སྲིང་ཁྱེད་སྡོང་གྲོགས་མཛོད་ཅིག་དང་།   །རིག་འཛིན་མཆེད་ལྕམ་ཀུན་དང་དམ་གཙང་འབྲེལ་བ་ཐོབ།   །བརྩེ་བས་སྐྱོབས་དང་ནུས་བརྩེར་བཅུད་སྟེར་བཞིན།    །ཆོད་ཟད་མཐར་འཁྱོལ་དབང་བཞིའི་མཐར་ཕྱིན་ནས།    །ཀུན་བཟང་ཚོམས་ཅིག་བྷཱ་གར་སངས་རྒྱས་ཤོག    ཞེས་

No comments:

Post a Comment