Sunday, September 9, 2018

Advice to Meself

།ན་མོ་ཨ་ཛི་ཏ་བི་ཛ་ཡ་སཏ྄གུ་ར་ཝེ།
།དེང་གི་ཕྲ་རགས་མིན་པའི་སྣ་ཚོགས་གྱི་འདུ་ཤེས།
།གཟུགས་ཚོར་གཟུང་འཛིན་སྔོན་གོམས་ལས་བྱུང་གང།
།འགག་མེད་རྟེན་འབྲེལ་སྒྱུ་འདྲའི་མགོ་ལང་མོད།
།སྡུག་རེ་མ་བཏང་མ་གཟུང་གཡལ་དུ་འཆུག
།འདི་ཕྱི་སྐྱེ་བའི་བདེ་སྡུག་ཨ་འཐས་ཀྱི་རེ་དོགས

།ཉལ་འདུག་འགྲོ་ཆག་སྐབས་ཀུན་དང་འབྲེལ་བའི།
།ཆོས་རྣམ་གྲངས་ཀྱི་མཚན་འཛིན་ཐད་བླང་འདོར།
།ངལ་བའི་སྦུབས་སུ་གནས་འདི་ལས་སྒྲོལ་མཛོད།
།རྒྱུད་གསུམ་བྱིན་རླབས་བདེན་ཚིག་གྱི་ཞལ་གདམས།
།རྣམ་ཐར་གསུམ་གྱི་ལྗོན་ཚལ་ཀུན་དགའི་བསྐོར།
།སྐྱབས་མེད་བྱིས་སེམས་ཁྱེད་ནི་འདི་མངོན་སུམ།
།མཇལ་དང་རང་སེམས་རྟོག་པའི་འཕྲང་ལས་བརྒལ།
།ཀུན་བཟང་ཕ་མེས་ནོར་ཀུན་གྱི་བང་མཛོད།
།མངའ་བའི་བདག་ཉིད་ཆེན་པོས་རྗེས་བཟུང་ཁྱོད་།
།ཚོང་ཟོག་དགོས་མིན་དཔོན་སྲས་ནོར་བཟང་བཞིན།
།སངས་རྒྱས་ཀུན་དགའི་ནགས་རར་ད་རོལ་ཞིག

ཞེས་ངེས་མེད་གྱི་ན་པའི་ཚུལ་འཆའ་བ་བདག་འདྲའི་གསོ་སྨན་དུ།        འཇམ་མགོན་བླ་མའི་ཉམས་མགུར་རོལ་མོའི་སྒྲ་སྙན་ཡིད་ལ་བཅའི་བའི་ཞོར་ལ་རང་བློར་གང་ཤར་བྲིས་པ་འདིའི་དོན་བཞིན་བསྒྲུབ་པར་འགྱུར་ཅིག

 Namo Ajitavijaya-satgurave!

With the various conceptions, neither gross nor subtle, occurring now
That arise from previous dualistic habits relating to form and sensation,
As soon as they rear their heads, as illusion-like unobstructed interdependence,
Don't turn them into suffering, don't be apprehensive, just let them go!
Solidified hopes and fears of happiness and pain produced now or later
In connection with any moment of sleep, sitting, going about or stopping,
The acceptance and avoidance in the face of holding onto characteristics
Of many sorts of phenomena --
Liberate yourself from this abode, a cocoon of misery!
The blessings of threefold lineage [in] the practical advice of true words
Surrounded by the delightful forest of three doors of liberation --
If you, who childishly thinks he is without refuge, encounter these
In direct experience, you will go beyond the confines of your own mind's neurosis.
The great beings who possess the treasury of
All the wealth of the Samantabhadra father and ancestors, are holding you;
As you don't need to engage in business or charlatanry,
Be like the the merchant's son Sudhana¹,
Go play now in the jungle preserve that pleases all Buddhas!

¹Nor bzang, the protagonist of the Ghanavyūha Sutra.

No comments:

Post a Comment