City of Diverse Emanation
།སྣ་ཚོགས་སྤྲུལ་པའི་གྲོང་ཁྱེར་ལ། །ཅིར་ཡང་མ་ངེས་ཁྲོམ་ཆེན་བསྡུས། །གང་འདུལ་ཚོང་པའི་ཅ་ལག་ཀུན། །དབང་པོ་མཐུན་པའི་འདུལ་བྱར་འཕྲོད། །མངོན་མཐོ་ཞིང་གི་ལམ་རིས་སར། །ཚོགས་གཉིས་ཁུར་པོ་རིམ་གྱིས་ཆིབས། །ཚོང་རྫོགས་མིན་པའི་ལྷག་འདུས་རྣམས། །འདི་ཕྱིའི་རིམ་གྲོའི་མཆོད་པ་མཛད། །ཆགས་སྡང་ཚུད་པའི་ལྗག་རྐུན་ཡང། །རོལ་མོའི་ལྟས་སར་དབང་མེད་འགུག །རང་གྲོལ་ཆེན་པོའི་ཕུར་པའི་དབལ། །ཉོན་མོངས་ཤ་ཚིལ་བཏུབ་ནས་འགྱེད། །ཤར་ནུབ་ཉི་མའི་ཁྱིམ་ཀུན་ལ། །སེམས་ཅན་ཀུན་ཀྱང་སོ་སོར་སྣང། །འཁོར་འདས་དགོས་དོན་མཐའ་དག་ལ། །རྒྱལ་པོའི་ཁྲིམས་བཟང་ངེས་པར་འཛིན།
In the city of diverse emanation
The great marketplace convenes, anywhere and unpredictable
The merchants sell tools to tame individuals
That are presented to disciples with suitable faculties.
On the ground marked by roads leading to exalted and sublime places
The loads of dual accumulation are gradually ridden up.
The surplus goods not sold off entirely
Are made into offerings for this life and the next
Robbers and thieves given to desire and anger
Are helplessly attracted to the musical venues
The sharp edge of the Kila of great self-liberation
Cuts off the meat and fat of afflictions and distributes them
In all the solar mansions to the east and west
All beings without exception appear individually.
All the requirements of Samsara and Nirvana
Are covered by the excellent laws of the kingdom.
No comments:
Post a Comment