Friday, November 9, 2018

Homage to the Dog-kini

༈    །ཕྱག་འཚལ་ལྷན་སྐྱེས་ཁྱི་མོ་མཁའ་འགྲོ་མ།    །བརྗིད་གཟུགས་གསེར་སྐྲ་གཞོན་ནུ་མ།    །བག་མེད་འདོད་ཆེན་སྒྱུ་རྩལ་ལུས་བོང་ཆེ།    །བུད་མེད་ལོ་གཞོན་ཁྱི་མོ་ནག་གདོངས་ཅན།    །རབ་དགྱེས་སོ་དཀར་ཞལ་འཛུམ་སྐད་སྙན་མ།    །གང་འདུལ་རྣལ་འབྱོར་ཐུགས་དགྱེས་བྷག་རྒྱས་མ།    །ཆོས་དབྱིངས་འོད་གསལ་ཕྱམ་གདལ་སྒོ་འབྱེད་མ།    །མཁའ་འགྲོ་བརྩེ་ཆེན་ཡིད་ཀྱིས་ཕྱག་འཚལ་བསྟོད།    །སྲུང་མ་གདུངས་ཤུགས་བློ་ཡིས་བསྐུལ་ཞིང་བསྟོད།    །ཤེས་རབ་ལྷན་སྐྱེས་དོན་སྐུར་གཞེངས་ལ་བསྟོད།    །ཐབས་ཀྱི་ཕ་ཉ་དུས་སུ་བྱོན་ལ་བསྟོད།    །ཕྱག་འཚལ་ཕྱག་འཚལ་སྙིང་ནས་གུས་ཕྱག་འཚལ།    །འབོད་དོ་འབོད་ཞིང་བྱོན་ལ་དགྱེས་པར་བཞུག    །བཞད་གད་ཞལ་སྟོན་སྣ་ཚོགས་སྤྲུལ་འགྱེད་མཛོད་།    ཞེས་རྨི་ལམ་ཐ་མལ་སྣང་ཞེན་གྱི་ངོར་བསྐུལ་བས་བཀྲ་ཤིས་པར་གྱུར་ཅིག    །།


Homage to the innate Bitch-Dakini,
Lustrous in form, blonde-haired and youthful
Carefree, lustful, flirtatious and full-figured
A young woman whose head turns into a black bitch
With expression of delight, white teeth, smiling and a beautiful voice
Taming various disciples, your pulsing bhaga delights the heart of yogis,
You open the door of luminosity to enter expansive Dharmadhatu:
Dakini, with a mind of great love, homage and praise!
Protectress, with a mind of longing, invocation and praise!
Praise to you, arisen in the ultimate body of innate prajna!
Praise to the messenger of skillful method, at your timely arrival!
Homage, homage, here is heartfelt homage!
Calling and calling, come, sit and stay happy!
Show your laughing face and send forth many emanations!

Incited by clinging to the ordinary appearances of dream-phenomena. May it be auspicious!

No comments:

Post a Comment