Sunday, May 21, 2017

༈ ཤིས་འཕྲིན་ཡིན་ལགསོ།

༄། །རྡོ་རྗེ་གྲོང་ཁྱེར་ལམ་ལ་རྟོགས་པ་བརྗོད་པ་བཞུགས་སོ༎
In Praise of Rock City Road, and Beyond

ཨ་ ཆོས་དབྱིངས་པདྨའི་ཞིང་ཁམས་རོལ་པ་ཆེའི།
།དབུས་ཀྱི་ཤར་ཕྱོགས་པངས་རིའི་གཞོན་ནུའི་ཞབས།
།ལམ་ལྷུན་མཐོ་བའི་གྲོང་ཁྱེར་བབས་པའི་སར་།
།ཞབས་སུ་རྡོ་རྗེའི་མཁའ་འགྲོའི་བསྡུས་ས་སྐྱིད་།
།བྱང་དུ་ལས་ཀྱི་མཁའ་འགྲོའི་ལམ་སྣ་འགྲོ 
།ཤར་་་ལྷོར་དུ་རིན་ཆེན་རིགས་ཀྱི་ཁྲོམ་ཆེན་བསྡུས།
།ལམ་དྲང་རྡོ་རྗེའི་གྲོང་ཁྱེར་ལམ࿆་ཞེས་བྱར་།
།ཀུན་ལ་སྒྲོགས་པའི་མྱུར་ལམ་ཡར་ལ་སྙེགས།
།གཡས་གཡོན་ཕྱོགས་སུ་དུར་ཁྲོད་གཉིས་སྒོ་ཚུགས།
།བར་དུ་རང་བཞིན་མཆོད་རྟེན་རྡོ་ཡི་སྤུངས།
།ལ་ལ་ཁྱབ་མགོན་ལས་ཀྱི་དབང་ཕྱུག་ཆེའི།
།ཕྱག་རྗེས་རྡོ་འགྲམ་ཀརྨ་དགོན་ཆེན་བཞུགས།
།དེའི་བྱང་ཏུ་རྡོ་དམར་རིམ་གྱིས་བརྩེགས།
།དེའི་དབུས་རྡོ་་་གཡའ་་་སྔོན་ཐུགས་ཡིག་མཚན་པའི་ནང་།
།རྫས་ཕུར་ནི་དྷིའི་བྱང་བཅས་སྲིད་།
།རང་གི་་་སྐབས་སུ་དངོས་སམ་་ཉམས་སུ་མྱོང་བའི་་ཉིང་འཁྲུལ་ལམ་མ་གོ་བའི་་་྅རྒྱ་༎
ཞེས་ཨ་ཙར་ཆེན་པོའི་མིང་པའི་སྨྱུག་མའི་རྩར་རྒྱུས་ཀྱི་མཁའ་འགྲོ་ཟེར་བའི་ནུས་རྩལ་ལ་བརྟེན་ནས་ཤིན་དིག་ཞེས་གྲགས་པའི་ཟ་ཁང་བབ་སུ་འཆོལ་བའི་ཤིས་འཕྲིན་ཡིན་པ་ལགས་སོ༎ 
rdo rje grong khyer lam, or [Vajra-]Rock City Road

1 comment: