Wednesday, May 17, 2017

བགྲོས་འདེབས་ཤིང་སྡོང་མ།

༈  །བྱ་རྒོད་ཕུང་པོའི་རི་ངོགས་སྐྱེད་མོའི་ཚལ།
   །ཤིང་སྡོང་ཆེ་བའི་གྲགས་སར་རི་ཐོད་ཀྱི།
   །དཔུང་པོའི་གཡས་གཡོན་གཉེན་བཤེས་དུ་མར་དྲངས།
   །སེམས་ཅན་བདེ་སྐྱིད་དེ་རུ་མང་བཙལ་ཀྱང་།
   །ལྷ་སྲིན་འདེ་མོར་བཟློག་པའི་འཚུབ་མང་བས།
   །ཆོས་ཀྱི་སྒྲོན་མེ་རླུང་ཤུགས་མར་མེ་འདྲ་།
   །སྒྲུབ་བརྒྱུད་ཤིང་རྟའི་དེད་དཔོན་གང་ཆེས་ཀྱང་།
   །སེམས་ཅན་བདེ་སྐྱིད་གཡེང་ལ་འཆོར་ཀྱང་སླ།
   །དེ་དུས་གུ་རུར་གསོལ་བ་བཏབ་པའི་བུའམ།
   །རིགས་ཀྱི་བུ་མོས་ཡིད་ཀྱང་ཆེས་པར་སླ།
   །སེམས་ཅན་དོན་ལ་དཔའ་སྟེ་རྗེས་སུ་འཛིན།
   །སྦྱིན་པ་རྣམ་གསུམ་གཞན་གྱི་དབུགས་དབྱུང་ཐབས།
   །མཆོག་ཏུ་གྱུར་པ་རྗེ་བཙུན་ཁྲོས་མར་གཞེངས།
   །དགྱེས་བཞིའི་རྒྱུན་སྐྱོང་ཞི་བདེའི་རྟེན་འབྲེལ་ཚུགས།
   །སེམས་དཔའི་གདེངས་དང་མི་བྲལ་ཐ་ཚིག་གོ
 ཞེས་རང་ཉིད་གང་དུ་སྡོད་པའི་གྲོང་གསེབ་ས་ཆ་གཙོ་ཆེ་བའི་རྟགས་བྱ་རྒོད་མང་པོ་བསྡུས་པ་ལ་སོགས་པའི་ལྟས་མོ་རྣམས་དྲན་ནས་དེ་ལ་བསྟོད་ཚིག་སྙན་པོ་འགའ་ཤས་དགོས་ཞེས་བསམ་བློ་བཏང་ནའང་།  རང་ལ་བགྲོས་འདེབས་སུ་ཤར་མར་གང་ཕབ་པ་འདིའི་དགེ་བ་འགའ་ཡོད་ན་དོན་གཉིས་སུ་ཡང་དག་པར་བསྔོ་བ་དང་།   རང་མགོ་རང་གིས་བསྐོར་བཏང་བའི་རློམ་སེམས་ཀྱི་དཔང་པོར་བྱས་ཏེ་གཤགས་ཤིང་བཟོད་བཙལ་དུ་སྨོན་པའི་བློ་དང་ལྡན་པའི་པད༷་མིང་ཞིག་གིས་སོ།

No comments:

Post a Comment