༄། །དབྱངས་ཅན་ལྷ་མོ་ལ་ཕྱག་འཚལ་ལོ། །སྣོད་ཀྱི་བེམ་པོ་ཡང་གསོས་འཆར་ཀའི་འཛིན། །བསམ་མེད་ཆོས་ཀྱི་བདུད་རྩིའི་ཡིག་ཆར་འབེབས། །བསྒོམ་མེད་རང་ཤར་དོན་གྱི་ལོ་ཏོག་འཕེལ། །སྤྱོད་མེད་བཅུད་ཀྱིས་འཛིན་མའི་བདེར་བསྡུས་ཀོ། །དོན་མེད་དོན་དུ་མཚོན་པའི་དཔེ་ཡི་ཆར། །ཡིག་མཚོན་བརྡའ་འབྲེལ་སྐྱེས་མཆེད་རྣམ་ཤེས་བཞིན། །རྣམ་དེ་ནམ་འཛིན་སེམས་ཀྱི་དྲན་རྒྱུད་དང་། །གཅིག་ལ་གཅིག་གིས་ལག་པའི་ཕྲེང་ལྟར་གཡོས། །ཕྱིའི་སྐྱེས་མཆེད་ཀུན་དང་མཐུན་སྣང་ཤར། །འཆར་གཞི་ལོགས་སུ་མེད་ཀྱང་ཐམས་ཅད་ཀྱི། །རྒྱུ་རྐྱེན་རྟེན་གྱིས་མ་འབྲེལ་འབྱུང་བའི་ཆོས། །ཡིན་ན་མ་གྲུབ་ཡིན་ཀྱང་སངས་རྒྱས་ཆོས། །དད་དང་བསོད་ནམས་མཐུན་པའི་བྱིན་ཆར་སོགས། །ཀུན་གྱི་འཛིན་གཞི་བདེ་གཤེགས་སྙིང་པོ་ཉིད། །རང་ཆས་ཡོན་སྟབས་འཆར་བའི་རྐྱེན་གཅིག་པས། །སད་པའི་འབྲེལ་ཐབས་ཚད་མས་ངེས་པའི་ཆོས། །རང་འབྱུང་མ་སྐྱེས་ངོ་མཚར་རྒྱུ་ངེས་ཡིན། Jan. 2009
དཔེར་ན། ཀུན་མཁྱེན་ཆེན་པོའི་ཆོས་དབྱིངས་མཛོད་ཀྱི་ལེའུ་ལྔ་པའི་འགྲེལ་པ་ལ་ནི། ཁྱུང་ཆེན་ལས། །རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད་། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུང་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། ཞེས་ལྟ་བུའོ།
No comments:
Post a Comment