Thursday, March 29, 2018

༄༅།    །།ཀ་རྩོམ་དམིགས་པ་ལ་ཁམས་འདུས་པ་བཞུགས།།   
།ན་མཿཤྲཱི་མཧཱཙིནྟྱཀཡེ།   
།དཔལ་བསམ་ཡས་པ་ཆེན་པོ་ལ་ཕྱག་འཚལ་ལོ།།   
།ཀ་བའི་རྡོ་རིང་རང་ཚུགས་ས་གཡོས་རླགས།
།ཁ་མཆེད་གཏམ་གྱིས་རང་དབང་སླར་སྙམས་དམིགས།
།ག་བུར་བཞེད་འཛུམ་རློམ་དྲི་སྔར་ཤེས་བཞིན།
།ང་བས་ཆེས་བརྟན་རིང་རྡོ་ཚབ་འབྲེལ་ཞུ།
།ཅར་ཕོག་དཔྱིད་གྱི་སྦྱོར་འབྲས་གཏོན་སྲིད་ཀྱང་།
།ཆར་གཏོགས་སིལ་ཐིག་དབྱར་དུས་ཀུན་དང་མཉམ།
།ཇ་ཆང་སྟོན་དུས་རྒྱེན་བྱས་རང་རྟགས་ངོམས།
།ཉལ་བག་དམིགས་འབྲས་དེ་དང་ཀུན་མི་མཐུན།
།ཏ་ལའི་ཤིང་དེས་ལོ་རེ་ལོ་མ་སྤངས།
།ཐ་སྙད་འགྱུར་ལྡོག་ཆོས་རེ་འདུན་བློ་ཕམ།
།ད་མཉེས་འཇུར་རྟོག་བཅོས་རས་མཐུན་བློའི་བམ།
།ན་མེད་མྱུར་རྟོགས་བརྗོད་དཔེ་བློ་འདུན་ཕོད་།
།པཱ་པའི་གཞིར་གྱུར་རང་གཅེས་འཛིན་དང་གཅིག།
།ཕ་མ་རང་བཞིན་དྲིན་ལན་བཟོ་དང་གཉིས།
།བ་གླང་ཁུར་ཆེ་བཟོད་ཐུབ་འགོམ་བྱེད་པར།
།མ་གྱུར་གཞན་ལ་ངོ་འཛིན་དེ་འབྲེལ་དགོས།
།རྫ་མཁན་དེའི་སྣོད་དཔྱད་ཀྱིས་རིགས་མི་སད་།
།ཝ་རྒན་དྲིས་ཡོར་ཐད་ཀྱིས་ཟ་མ་བཟོ།
།ཞ་ཉེ་སྐྲ་དཀར་ཡས་ཞོན་འཛིན་མར་འབེབས།
།ཟ་ཉེས་ན་ཚོད་ཇི་བཞིན་ཞུར་མ་བདེ་།
།འ་རི་བཟའ་ཆར་འུར་གྱིས་ཁྱིམ་ལས་ལྡོག།
།ཡ་རེ་ང་ཡི་ཆར་གཏོགས་གཞི་ནས་བརླག།
།རྭ་ཅོ་ཡོས་ལོ་དམིགས་སུ་ལད་ཅི་བཟོ།
།ལ་ཕུག་ལག་ཏུ་མ་འཛིན་འཛིན་མར་ཞོག།
།ཤ་གླིང་བུ་དོན་རྩེད་ནས་ལས་གཞན་ནུབ།
།སར་གནས་ལོ་རྟགས་ཅིའང་མ་ཤེས་སྦྲུབས།
།ཧ་ཧ་ལཱོ་ཆེན་ལོ་ཆེར་རྒྱས་བཏབ་པས།
།ཨ་མའི་དྲིན་ལས་མཱ་ཡའི་བཙོན་དུ་བཟུང་།
July, 2010

No comments:

Post a Comment