Wednesday, March 21, 2018

༄༅། །དཔག་བསམ་ཤིང་འབྲས་བཞུགས།།

།དཔལ་དཔག་བསམ་ཤིང་གི་སྡོང་ཆེན་ལ། 
།སྔོན་ཨ་མྲའི་ཡལ་གར་མཐུན་པའི་འབྲས། 
།ནང་སྤྱི་བཞིན་དམར་སེར་བདུད་བརྩིའི་དཀྱིལ། 
།དེའི་སྙིང་པོའི་ངང་གནས་རིགས་ས་བོན། 
།འགྲོ་གང་འདོད་འཐོན་བྱེད་ནུས་ལྷུན་གྲུབ། 
།སྟོབས་མི་འཇིགས་སོགས་སངས་རྒྱས་ཡོན་ཏན། 
།འབྲས་བུ་ཀུན་རིགས་ནོར་ཡོད་མཉམ་ལས། 
།མ་སྨིན་མདོག་སྐྱ་སེར་ཤ་ཁྲེགས་ཀྱི། 
།སྒྲུབ་དུས་ཀྱི་རིང་ཐུང་རྒྱུ་མཚོན་ཀྱང། 
།གཞིའི་ཡེ་ཡོན་ཡོད་ལ་ཁྱད་པར་མེད། 
།ཞེས་རྩ་བརྒྱུད་བླ་མའི་ཡོན་ཏན་རྟེན། 
།མཆེད་གྲོགས་རང་ལས་བསྐལ་བཟང་ཆེས་དམིགས། 
།ཚིག་དོན་དུ་ཡོལ་འདིའི་མགོ་བོའི་ཁྲེགས། 
།སྐྱོན་དེ་ལྟར་ཡོད་ཚད་སྐུ་མདུན་གཤགས། 
།ཡོན་ཏན་དག་དེ་བཞིན་རང་བརྙེད་གདིངས། 
།སྐྱེས་པའི་ངང་དཀོང་མཆོག་བཀྲ་ཤིས་ཀྱིས། 
།གུས་འབུལ་དང་དགེ་འགྱུར་སྨོན་བཅས་བྲིས།

c. 2012

No comments:

Post a Comment