Friday, March 9, 2018

༄། །ངེས་ཚིག་རོལ་རྒྱན་བཞུགས།།

།ཡ་ནི་ཀུན་གྱི་བླ་མ་སྟེ། །ཨེ་ནི་ཕྱོགས་དུས་དམིགས་མེད་དབྱིངས། །ཡེ་ཞེས་གང་ཡང་གོང་དུ་མེད། །ཡེ་ཤེས་ཉག་གཅིག་སངས་རྒྱས་རིག། །རང་ནི་གཞན་དང་ལྡོག་པས་ཕྱེད་། །མི་འགྱུར་གཞི་གཅིག་གནས་ལུགས་སུ། །རིག་ན་གཞི་ཐོག་གྲོལ་བ་དང་། །མ་རིག་འཁྲུལ་གཞིར་སྣང་བའི་ལུགས། །ཆོས་ནི་སུ་བཅོས་འཁྲུལ་རྒྱུ་དང་། །མ་བཅོས་ཇི་སྙེད་མཁྱེན་ཀློང་གྱུར། །སྐུ་ནི་ཇི་ལྟར་མཁྱེན་ཀློང་དུ། །ཇི་སྙེད་ཆོས་དོན་འདུས་པའི་སྐུ། །ཀ་ནི་དང་པོའམ་གདོད་ནས་ཚུགས། །དག་ནི་གཅིག་དུ་སྤྲོས་མཐའ་སངས། །ཀ་དག་གཟོད་ནས་སྟོང་པ་ཉིད་། །ལྷུན་པོའི་བལྟ་སར་ཡས་ནས་བབས། །གྲུབ་པའི་ལམ་རིམ་མས་འཛེགས་གཉིས། །ལྟ་བསྒོམ་དེ་སྤྱོད་ཟུང་འཇུག་གི། །ཤར་གྲོལ་གནད་ལ་ལྷུན་གྱིས་གྲུབ།

No comments:

Post a Comment