Saturday, July 21, 2018

A Happy-Go-Lucky Child's Trinket: The Meaning of the Uttaratantra as the Threshold of Sutra and Tantra

༄༅། །མདོ་སྔགས་རྒྱུད་བླའི་མཚམས་སྦྱོར་དོན་བརྗོད་རང་དགའ་བྱིས་པའི་མཆིང་བུ་བཞུགས།།    
།བླ་མ་དཀོན་མཆོག་རྩ་བ་གསུམ།    །དྲིན་ཆེན་བརྒྱུད་པའི་སྐྱབས་ཀྱི་ཚོགས།    །ཕྲིན་ལས་སྲུངས་པའི་མཁའ་འགྲོ་རྣམས།    །འདིར་གཤེགས་བདག་ལ་དགོངས་སུ་གསོལ།    །མ་ངེས་སྙིགས་བདོའི་རང་བསྐལ་འདི་།    །འགལ་རྐྱེན་དུ་མས་བར་དུ་ཆད་།    །འོན་ཀྱང་བླ་མའི་བཀའ་དྲིན་གྱིས།    །མི་ལུས་རིན་ཆེན་འདི་དོན་ཡོད།    །རང་སེམས་འདི་ཡི་ཡོ་ལངས་ཆེ།    །ལེགས་སྡུག་སྣ་ཚོགས་འཆར་གཞི་བྱེད།    །ཚོགས་བསགས་སྦྱངས་པའི་མཐུས་ཡིན་ལོས།    །སྙིང་པོའི་ཡོན་ཏན་ཅུང་ཟད་སྣང་།    །སྒྱུ་མ་ལྟ་བུའི་སྐྱོན་ཡོན་གཉིས།    །རང་གི་སེམས་ཀྱི་རྟེན་འབྲལ་ལས།    །གང་ཡང་གཞན་གྱི་ཕན་གནོད་བྲལ།    །སྟོང་པ་ཆེན་པོ་ཉིད་ཐག་བཅད།    །རང་དང་གཞན་གཉིས་ལྡོག་པས་ཕྱེད།    །རྟེན་འབྲེལ་ཆེན་པོར་གཉིས་སུ་མེད།    །ངོ་བོ་གཅིག་འགྲུབ་སེམས་ཉིད་ལས།    །རང་གཞན་སེམས་ཅན་གང་མི་བརྙེད།    །འོན་ཀྱང་འདོད་ཆགས་ཞེ་སྡང་དང་།    །གཏི་མུག་འཁྲུགས་པའི་འཁོར་བ་འདིར་།    །གནས་སྣང་མི་མཐུན་འཁོར་འདས་གཉིས།    །ལམ་གཉིས་གྲུབ་པའི་ཕྱོགས་སུ་ལྷུང་།    །རེ་དོགས་སྤངས་པའི་ཕ་རོལ་ཕྱོགས།    །རང་འདྲའི་ཕ་མར་གྱུར་པ་ཀུན།    །བདག་ཉིད་གཅིག་པུ་ལྟར་ཤེས་བློས།    །རང་བཞིན་སྙིང་རྗེའི་བྱང་སེམས་སྐྱེད།    །སྙིང་པོའི་རྩལ་གྱི་རོལ་པ་དག       །ཡེ་ནས་གྲུབ་་ཀྱང་ངོ་མ་ཤེས།    །རང་ངོ་རྟེན་འབྲེལ་སྟོང་པ་ཉིད།    །ཚུལ་བཞིན་མ་རྟོགས་ཨ་རེ་སྡུག       །དེ་ཚུལ་བརྟགས་རྟོག་མཐར་ཕྱིན་ན།    །ཞེན་འཛིན་ཡུལ་མེད་ཡེ་ཤེས་སྐྱེད།    །རང་གཞན་དབྱེར་མེད་འོད་གསལ་ངང་།    །སྙིང་རྗེ་ཆེན་པོའི་འཆར་གཞི་བྱེད།    །འབད་རྩོལ་མེད་ཀྱང་འོད་གསལ་ངང།    །རང་གནས་གནས་ལུགས་ཅོག་བཞག་གི       །ཉམས་མྱོང་སྐྱེད་ཐུབ་བསྐལ་བཟང་ཅན།    །རྒྱལ་བའི་སྲས་ཀྱི་ལམ་སྣར་འཛིན།    །ཨ་ཧོ་རང་དོན་གཞན་དོན་ཞེས།    །ཡེ་ནས་གཅིག་ཏུ་གྲུབ་པའི་གཞི།    །བདེ་གཤེགས་སྙིང་པོའི་རང་བརྙེད་གདིང།    །འཇིམ་གཟུགས་སངས་རྒྱས་གསེར་སྐུ་འདྲ་།    །ངོ་མཚར་བས་ཀྱང་འདི་ངོ་མཚར།    །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།    །མཆོག་གསུམ་རྩ་གསུམ་གཅིག་ཆོག་ལྷ།    །དཔལ་ལྡན་བླ་མའི་སྐུ་དྲིན་ཡིན།།        ཞེས་བླ་མའི་སྐུའི་མདུན་དུ་རང་ཡིད་རྟོག་པས་བཏགས་པ་བའི་རླབས་ཀྱིས་དྲངས་པའི་བུད་ཤིང་ལྟར་བཀོད་པའི་ཡི་གེ་པ་དཀོན་མཆོག་བཀྲ་ཤིས་ཀྱིས་སོ།       


To the Teachers, the Triple Gem and Three Roots,
The most kind refuges of the lineage
And the Dakinis who uphold Buddha-activity I pray,
Come here and grant me consideration!

My karmic lot in this uncertain degenerate time
Is obstructed by many adversities.
However, by the Teachers' kindness,
This precious human birth has meaning.

The great fantasmagoria of one's own mind
Is basis for all manner of good and ill.
By dint of what I imagine is accumulation of merit and purification,
The qualities of the essential nature are slightly in evidence.

Illusion-like faults and qualities,
Aside from being the mind's own interdependence and
Being quite independent of external benefit or harm,
Are resolved in the state of great emptiness.

"Self" and "other" are an analytical distinction;
In great interdependence, they are non-dual.
Other than mind-nature, established as an essential unity,
No sentient being, oneself or other, can be found.

However, due to lust, anger and confusion,
Here in this tumult of Samsara,
There is dissociation of  appearance and reality--
Establishing the dichotomy of Samsara and Nirvana--
And falling into the extremes of their respective paths.

Considering others --
Existing beyond [one's own] expectations and fears -- as
Mother and father beings, similar to one's own [parents, and]
Knowing them to be just like oneself,
Compassionate bodhichitta develops naturally.

The [pure] displays of the creative energy of the essence
Are timelessly present but not recognized as such.
Not realizing one's own nature of interdependence-emptiness
Just as it is, is so painful!

If one conclusively investigates that nature,
Without any object of clinging apprehension,
Timeless awareness is born,
The state of luminosity, self and other indivisible,
Which is the ground for the arising of great compassion.

Though no effort is involved, with the state of luminosity
One rests imperturbable in the abiding nature of one's own abode.
Fortunate beings who can develop such experience
Sieze the path of the sons and daughters of Victorious Ones.

A HO! So-called personal benefit and altruistic benefit
Are originally present on the same ground -- the Tathagatagarbha.
Confidence in finding this oneself
Is like finding a golden Buddha in plaster cast.

This is a wonder, so wonderful,
The secret of all perfect Buddhas.
It is the kindness of one deity combining Three Gems
And Three Roots, the glorious Teacher.

No comments:

Post a Comment