Tuesday, July 31, 2018

མགུར་གསོལ་སྣ་ཚོགས།

c.2007

༄།།    །ཕ་གར་གྱི་དབྱིངས་ཆེན་འཕྲོ་འདུའི་རྩལ།
    །སྲས་
ཤར་སྒོརཉི་མའི་སྲུང་ལྷ་མོ།
    །བུ་སྐལ་ལྡན་སློབ་མའི་དཀྱིལ་བཀོད་པའི།
    །རིགས་ཐེག་མཆོག་བརྒྱུད་འཛིན་ནམ་ལངས་སྐར།
    །རུས་བྱང་ཆུབ་ལམ་དུ་སྙིང་སྟོབས་ཆེའི།
    །གདུངས་མཆོག་གསུམ་འཕགས་པའི་ལྷ་ལམ་བསྡུས།
    །འགྲོའི་དགོན་པོ་གར་གྱི་དབང་ཕྱུག་གི།
    །སློབ་དཀོ༷ན་མཆོ༷ག་བཀྲ༷་ཤི༷ས་
འདིར་གུས་པས།
    །སླར་སེམས་པའི་ཚེས་རབ་ཀུན་མ་ལུས།
    །སྐུ་མདུན་གྱི་དག་ཞིང་གེ་སར་བསྐྱེད།
    །གནས་སུ་མོས་བདག་འདྲའི་འགྲོ་ཀུན་གྱི།
    །དཔལ་དུ་འགྱུར་རྗེ་ཁྱོད་རྗེས་ཟུང་ནས།
    །རྫོགས་རྣམ་ཀུན་ལྡན་པའི་དཀྱིལ་འཁོར་གཅིག
    །མྱུར་ཐོགས་མེད་བླ་མའི་སར་བགྲོད་ཤོག།

།ཞེས་བློ་ཟ་ཝ་ང་འདྲ་ཞིག་གིས་ལོ་ཆེས་མང་རུ་འདའ་བའི་རྟོག་པས་ཡིད་གདུངས་པ་བཞིན་དུ་།    རྗེ་དམ་པའི
གསང་གསུམ་གསིལ་ལྗོན་ས་ནས་དྲན་པའི་ལེགས་རྩིས་ཧུབ་ཀྱིས་བཏུངས་ཅིང།    མང་བཅོས་ཚིག་འདི་རྣམས་སྙིང་ནས་སྨོན་པའི་ཟིལ་གནོན་པས་ཕབ་པའོ།

༄།།    །འཁོར་འདད་ཀུན་གྱི་གཞིར་གྱུར་ལྷན་སྐྱེས་དོན།
    །རྟོགས་པའི་མཁ་ཡངས་འདོད་པའི་བ་འཇོ་ནི།
    །དབྱིངས་མཆོག་གནས་ལུགས་འཕེན་པའི་མདའ་སེམས་པ།
    །སྒྲུབ་པའི་སྤྱི་མེས་ས་ར་ཧ་པ་ཀྱེ།
    །བདག་འདྲ་ཧ་ཅང་རྟོག་གེའི་བློ་ཡུལ་ཁྱད་བྱས་ན།
    །སྡུག་སྤྲུལ་གནོད་མེད་མཐའ་འཛིན་རློམ་པ་བཞིན།
    །རང་ལ་ཕན་མེད་རྟོག་པའི་རྒྱུ་མཐུད་སྲིང།
    །དེ་ཕྱིར་སྒོ་གསུམ་མོས་པའི་ཕྱག་དང་ནི།
    །གསང་གསུམ་མཉེས་པའི་མཆོད་ཕྲིན་ཕུལ་བས་ན།
    །བདག་གི་སྐྱབ་མཆོག་རྟག་ཏུ་གནས་པ་དང།
    །རེ་བའི་སྒྲུབ་པའི་འབྲས་བཟང་ལྷུན་གྲུབ་སྩོལ།


༄།།    །སྙིང་པོའི་ཡོན་ཏན་རྟོགས་གྲོལ་ཀློང་གྱུར་པའི།
    །མཁྱེན་བརྩེའི་ནུས་ལྡན་གར་གྱི་དབྱང་ཕྱུག་རྩལ།
    །སྙིགས་ལྔས་མནར་བའི་འགྲོ་དང་བསྟན་པའི་དཔལ།
    །བརྟེན་པའི་གཞིར་གྱུར་ཡིད་བཞིན་ནོར་བུ་ཁྱོད།་
    །བུ་སློབ་མོས་པའི་བསྐུལ་དང་དགོངས་མཐུན་པས།
    །འཛམ་གླིང་བདེ་སྐྱིད་གོང་འཕེལ་སྙིང་རྗེའི་ཕྲིན།
    །དུག་ལྔ་བསལ་བའི་ཆར་བསིལ་རྟག་པར་འབེབས།

No comments:

Post a Comment