Tuesday, July 31, 2018

Homage to Mipham the Great (1846-1912)

༄།    འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།
།རྣམ་གཉིས་མཁྱེན་གཏེར་དོན་གྱི་ལྷ།
།རང་སྣང་ཤེས་རབ་འོད་ལམ་དུ།
།མཚུངས་མེད་ཆོས་དེར་སྟོན་པ་གང་།
།འཇམ་དབྱངས་གཏེར་ཆེན་བདག་དྲན་མཛོད།
།ཀུན་ཉོན་མོངས་དང་ཐབས་མེད་འཁྲུལ།
།སྲིད་འདིར་མགོ་བསྐོར་བུ་སློབ་བདག།
།བརྩེ་བས་དགོངས་དང་གཟིགས་སྟེ་བྱོན།
།གུ་རུའི་མཁྱེན་གཏེར་གོ་འབྱེད་མཛོད།
།མ་གྱུར་འགྲོ་རྣམས་སྙིགས་མའི་ནགས།
།ཡང་དག་ཆོས་མཐོང་མིག་སྐྱོན་བཏབ།
།སུ་དང་སུ་ལ་བརྟེན་འོས་པའི།
།མི་ཤེས་སྐྱབས་མེད་བདག་འདྲ་བ།
།རྩ་གསུམ་ལྷ་རུ་མོས་གང་གི།
།བྱིན་བརླབས་བདུད་རྩིའི་གསོ་བྱེད་སྨན།
།ལེན་མང་ཐུང་བས་ཞར་འབྱུང་གི།
།ལེགས་བཤད་དོན་དང་ལྡན་པའི་ལམ།
།ཚིག་ཏུ་ཕབ་ཞེས་ཁས་མིན་ཀྱང་།
།འོན་ཏེ་རང་བློ་ཡར་ཐོན་སླད།
།རྣམ་མཁྱེན་སྐྱབས་རྗེའི་སྤྱན་ལམ་དུ།
།དེ་ཡི་དཔང་པོར་གནང་ཞུ
་སྟེ།
།འདི་ལྟར་སྨྲས་ལ་དགོངས་སུ་གསོལ།

བདག་ཅག་གི་རྩ་བརྒྱུད་ཀྱི་བླ་མ་མཆོག་ཀུན་གྱི་མཁས་དབང་གཙོ་བོར་གྱུར་པ་ནི་འཇམ་མགོན་མཁྱེན་ཐུགས་མངའ་བའི་རབས།    རྒྱ་བོད་སྔ་ཕྱིའི་ཀུན་དང་འགྲན་ཟླ་མེད་པའི་མཁས་སྒྲུབ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ཡིན་པར་དད་བྱེད་བཞིན།     རང་ལས་མཁས་པ་ཆེ་ཆེར་གྱུར་པ་རྣམས་ཀྱིས་དེ་བཞིན་དུ་མཁྱེན་པར་འོས་པ་སྨྲོས་ཅི་དགོས།   འཇམ་མགོན་གྱི་བླ་མ་དེའི་མཚན་གྱི་བ་དན་འདིར་སྨྲོས་པ་ཙམ་གྱིས་མིག་ནས་ཆུ་ཕབ་པ་དང
   སྤུ་ལོང་བདང་  བློ་ཕུག་གཏིང་ནས་ཁྱེད་ཤེས་དད་པའི་མོད་ལ་བྱིན་བརླབས་མ་ཕབ་མི་རུང་ཏེ།  སངས་རྒྱས་ཀྱིས་གསུངས་པའི་བཀའ་ནང་གི་རིགས་པའི་ཕུལ་བྱུང་རྟེན་ཅིང་འབྲེལ་བར་འབྱུང་དོན་དང་འགལ་བའི་ཕྱིར་རོ།

རིགས་ཀྱི་རྣམ་འབྱེད་ལས།   རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང།    དེ་བཞིན་ཉིད་དབྱེར་མེད་ཕྱིར་ཞེས
སོགས་གསུངས་པ་བཞིན་དུ།    རང་གི་དད་པའི་ཤུགསདང།    ཤེས་རབ་གསུམ་གྱི་མཐུན་རྐྱེན་དང།   དཀོན་མཆོག་སྙིང་པོའི་རང་བཞིན་གནས་པའི་ཡོན་ཏན་དང་མཚུངས་པའི་པའི་བྱིན་རླབ་འབེབས་པར་འགྱུར།   སྤྱིར་གཏང་སྤོབས་པ་ཟེར་བ་རྟེན་དད་མོས་རྙིང་རྗེའི་ཀུན་སློང་གི་གཞིར་བལྟ་བའི་ངང་དུ་ཐབས་ཤེས་ཟུང་དུ་འབྲེལ་བའི་བོགས་འདོན་གྱི་ཚུལ་ནི།   འཇམ་མགོན་མི་ཕམ་རིན་པོ་ཆེའི་མཐུན་མིན་གྱི་གདམས་སྐོར་ལས་ཤེས་པར་བྱ་ཏེ།   འདིར་དེ་ལྟར་བཤད་པའི་སྤོབས་པ་རྟེན་རྒྱུ་དང་འབྲེལ་རྐྱེན་ཚོགས་པ་དེ་ཁོ་ནའི་མཐུས་འབྱུང་བ་ལས།    མི་གཞན་གྱི་ཟེར་བགྲོས་ལ་བརྟེན་ནས་མིན་པ་དང།   རང་བསྟོད་དང་རང་རློམས་ཆེད་དུ་མེད་པ་དྲང་པོར་སྨྲོས་དགོས་སོ།

ངོ་ཤེས་པའི་མི་འགའ་དང་འགའ་ཤད་འདི་སྙམ་དུ།   འོ་ཇོཧྣ་པེཏྟིཏ་འདི་ངེས་ཤེས་སྒྲོན་འགྲེལ་གྱི་གསུངས་འགྱུར་ཡིན་མོད་ཀྱི།   ཁོ་རང་གཅིག་པུས་དེ་ལྟར་འགྱུར་མི་སྲིད་དེ།   ངེས་སྒྲོན་གྱི་གཞུང་དེ་རང་བྱན་ཚུད་པར་དཀའ་བའི་ཕྱིར་ཞེས་ཟེར་གོ་འབྱུང།  ཡང།   གསུངས་འགྱུར་མཁན་དེའི་བཏགས་ཞིབ་གྱི་རོགས་པ་སུ་དང་སུ་ཡིན་པར་འགྱུར་གཞུང་དུ་མ་སྨྲོས་པས་ཁོ་མི་དུག་པོ་ཡིན་ཞེས་ཟེར་བ་ལྟ་བུའི་སྐད་ཆ་གོ་བྱུང།   གང་ལྟར་ཡིན་ཀྱང་ཕྲན་ལ་དེ་ལྟ་བུའི་དོགས་པ་རྩ་བ་ནས་མེད་པའི་རྒྱུ་མཚན་གང་ཡིན་ཟེར་ན།   འགྱུར་གཞུང་གི་གླེང་བརྗོད་དུ།   རྩ་བ་དང་ཡན་ལག་གྱི་བླ་མའི་མཚན་དང་བཀའ་དྲིན་རེ་རེའི་ཚུལ་བཞིན་དུ་བརྗོད་པ་དང།    དེ་རྣམས་གྱི་དབང་དང་ལུང་དང་བྱིན་བརླབས་མེད་པར་འདིར་འགྱུར་ངེས་ཤེས་སྒྲོན་མེའི་རྩ་གཞུང་དང་དེའི་འགྲེལ་པ་གཏན་དུ་འབེབས་མི་སྲིད་ཏེ་དེ་དག་གི་བཀའ་དྲིན་ཁོ་ན་ལས་ཡིན་ཞེས་གསལ་པོར་སྨྲས།


འོན་ཀྱང་འོ་སྐོལ་རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེའི་སྐུའི་མདུན་དུ་རྩ་གཞུང་གི་ལུང་ཙམ་པོ་ལས་ཁྲིད་གཞན་གང་ཡང་མ་ཞུས་པ་བདེན་པ་བདེན་རྐྱང་རེད།    དེ་འདྲ་ཡིན་ཀྱང་ཚིག་གི་ནོར་འཁྲུལ་ཕྲ་མོ་དང་དང་བག་མེད་ཙབ་བེ་ཙུབ་བེ་ཚུལ་གྱིས་ནོར་འཁྲུལ་བྱུང་བ་ལས་སྐྱོན་སྡུག་པོ་མེད་པ་འདྲ་བོ་ཞིག་ཡིན་ན།    དེ་ག་རང་འཇམ་དགོན་བླ་མ་རང་ཉིད་ཀྱིས་རང་བྱན་ཚུད་པའི་ཚུལ་དང་ཤིན་ཏུ་མཐུན་པ་ཞིག་རེད་མ་གཏོགས།    འཇམ་མགོན་རིན་པོ་ཆེའི་ཡེ་ཤེས་སྐུའི་བྱིན་རླབས་རང་ལ་དངོས་སུ་འཇུག་པའི་རྟགས་མི་སླུ་མེད་པ་ལྟ་བུ་མི་རྩིས་པའི་ཐབས་མེད་དེ་།   འོ་སྐོལ་ལ་སྐྱེ་སྦྱང་གི་ཡོན་ཏན་ཆུང་བ་དང་འཕྲལ་དུ་བསགས་པའི་ཉེས་སྐྱོང་གང་ཆེ་ཡང།    གོང་དུ་སྨྲོས་པ་ལྟར།    འཇམ་མགོན་རིན་པོ་ཆེ་ལ་དད་པ་དང་ཚུགས་མི་ཐུབ་པའི་མོས་གུས་གདུངས་ཤུགས་དྲག་པོ་རང་བཞིན་དུ་སྐྱེད་ཐུབ་པའི་གང་ཟག་ཡིན་པའི་དྲང་པོར་སྨྲོས་མ་ཐག    རྩ་བརྒྱུད་གྱི་བླ་མའི་བྱིན་རླབས་རང་ལ་མ་འཇུག་པ་མི་སྲིད་དེ་།    རྟེན་གྱི་སྙིང་པོའི་བྱ་བྱེད་རིགས་དང་།     དེ་དང་འབྲེལ་དབྱུང་བྱེད་ཕོད་པའི་རྐྱེན་གྱི་ཚོགས་བསགས་ལ་ལྟོས་པའི་རིགས་པ་དང་འགལ་བའི་ཕྱིར་རོ་།

ང་རང་གི་ཁས་ལེན་དེ་ལྟར་ཡིན།   རང་ཁོ་ནའི་མཐུའི་བརྟེན་དུ་མཁས་པའི་ཚུལ་བསྟན་པ་ལྟ་བུའི་ང་རྒྱལ་མེད་དེ།   བླ་མ་བཀའ་དྲིན་མཚུངས་མེད་དང།   ཡི་དམ་གྱི་དབུགས་དབྱུང་མེད་པར་ནི་དེ་ལྟར་མ་ཐུབ་ཞེས་ཀྱང་ངའི་ཁས་འདིར་བླང།   ཕྲན་ལ་སྐྱེས་པའི་ཡོན་ཏན་ཡོད་དམ་མེད་མ་ཤེས་ཀྱང།  སྐྱེ་བ་འདིར་མཁས་པ་མང་པོས་རྗེས་བཟུང་ཏེ་སློབ་དཔོན་ཆེ་ཆུང་མང་པོའི་བཀའ་དྲིན་གནང་བའི་གོ་སྐབས་དང།   མཚུང་མེད་རིགས་བདག་རྩ་བའི་བླ་མའི་དབང་ལུང་ཁྲིད་མན་ངག་དང་བཅས་པའི་སྐལ་བཟང་ལ་བརྟེན་ནས།   འོ་སྐོལ་ལ་ཐོས་བསམ་གྱིས་སྦྱངས་པའི་ཡོན་ཏན་ག་ཚད་ཡོད་པར་དཔོག་ནུས་པ་དང།    ཡེ་ཤེས་བླ་མ་དང་ལྷག་པའི་ལྷ་གཉིས་སུ་མེད་པའི་ངོ་བོ་ལས་ཕྱིར་ལོགས་སུ་འཚོ་བའི་མི་གཞན་ལ་དྲིས་རྒྱུ་མེད་ན།   རང་གི་རྩ་བརྒྱུད་གྱི་བླ་མ་དམ་པའི་བཀའ་དྲིན་ཁོ་ནས་ཡིན་པར་ངེས་པར་ཤེས་སོ།

No comments:

Post a Comment